ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཛམ་གླིང་སྨྱན་བྱད་དབུ་ཚོགས་སྐབས་བཞི་བར་རྟེན་འབྲེལ་ཞུ་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་སྨྱན་བྱད་དབུ་ཚོགས་སྐབས་བཞི་བར་རྟེན་འབྲེལ་ཞུ་ཡིག་སྤྲིངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། འཛམ་གླིང་ཐོག་ལོ་བརྒྱ་རིང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་དང་པྲོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་རྒྱ་ཁྱབ་ངང་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ཏེ། རྒྱལ་སྤྱིའི་རྣམ་པར་འགྱུར་ལྡོག་དང་རྙོག་འཛིང་ཚབས་ཆེན་བཟོ་བཞིན་ཡོད་པ་རེད། དེ་བས། དུས་རབས་ཀྱི་བརྗོད་གཞི་ལ་ཡང་དག་པའི་དྲིས་ལན་ཞིག་ཇི་ལྟར་འདེབས་རྒྱུ་དང་། འཛམ་གླིང་གི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་རྒྱུ་ནི་སྨྱན་བྱད་ལས་རིགས་ཀྱིས་ཕྲག་ཏུ་བབས་པའི་སྤྱི་ཚོགས་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། རེ་བར་ཚོགས་ཞུགས་སྐུ་མགྲོན་ཡོངས་ཀྱིས་ཐེངས་འདིའི་དབུ་ཚོགས་ཀྱི་བརྗོད་གཞི་དང་འབྲེལ་ནས་བགྲོ་གླེང་གཏིང་ཟབ་བྱ་རྒྱུ་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཏེ། ཧུར་ཐག་སྒོས་མི་དམངས་ཀྱི་རྒྱུད་སྒྲོག་པ་དང་མི་ཆོས་བརྗེ་རེས་ཀྱི་སྐུལ་འདེད་པ་བཅས་བྱས་ནས། འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བྱས་རྗེས་འཇོག་དགོས།

འཛམ་གླིང་སྨྱན་བྱད་དབུ་ཚོགས་སྐབས་བཞི་བ་ཉིན་དེར་པེ་ཅིང་དུ་འཚོགས་མགོ་ཚུགས་ཤིང་། ཐེངས་འདིའི་བརྗོད་དོན་ནི“རིམས་ནད་རྡུང་རྡེག་འོག་གི་སྨྱན་བྱད་འཕེལ་རྒྱས་འཐབ་ཇུས”ཞེས་པ་དེ་ཡིན་ལ། ཞིན་ཧྭ་གསར་འགྱུར་ཁང་གིས་གཙོ་སྒྲུབ་བྱས་པ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།