“ལམ་གཉིས”ཀྱི་སྙིང་སྟོབས་ལ་དཔྱད་པ།

འདི་ནི་འཛམ་གླིང་གཞུང་ལམ་བཟོ་སྐྲུན་ལོ་རྒྱུས་ཐོག་ཉམས་པ་མེད་པའི་ངོ་མཚར་གྱི་ལེའུ་ཞིག་ཡིན། འདི་ནི་ཀྲུང་གོའི་དམག་དམངས་ཀྱི་གཟི་བྱིན་འབར་ཅིང་ཕུགས་འདུན་སྒྲུབ་པའི་རྒྱང་སྐྱོད་ལམ་བུ་ཞིག་ཡིན། འདི་ཡང་ཀྲུང་ཧྭ་མི་རིགས་ཀྱིས་གཞན་གྱི་སྔོན་ལ་སྒྲུབ་ཏེ་འབད་འབུངས་མདུན་སྐྱོད་བྱས་པའི་ལོ་རྒྱུས་ཀྱི་བྱ་སྤྱོད་རླབས་པོ་ཆེ་ཞིག་ཡིན། ལམ་སྐྲུན་མཁན་དམག་དམངས་ཁྲི10ལྷག་གིས་གཡང་གཟར་བྲག་རི་གཤགས་ཤིང་། ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་ལྷོ་ནུབ་མཐའ་མཚམས་ཀྱི་འགྲིམ་འགྲུལ་ལ་རྩ་ལམ་ཡངས་བར་བྱས།   

2014ལོའི་ཟླ8པ། ཁྲོན་བོད་དང་མཚོ་བོད་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་བྱས་ནས་ལོ་འཁོར60ལོན་པའི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་སྟེ། ལོ་འཁོར60ཡི་རིང་། གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱས་པའི་བརྒྱུད་རིམ་ཁྲོད། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་བར་མི་སྐྲག་པར་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཤིང་། ལམ་སྐྲུན་རྡོ་ཕྲན་རེ་བྱས་ནས། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་རིགས་མཐུན་སྒྲིལ་གྱི“ལམ་གཉིས”ཀྱི་སྙིང་སྟོབས་ཆགས་ཅིང་དར་སྤེལ་བཏང་ཡོད་ཅེས་བསྟན། 

གནས་བབས་གསར་བའི་འོག ང་ཚོས་མུ་མཐུད་དུ“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ལམ་གཉིས་ལ་བདག་སྐྱོང་ཡག་པོ་བྱས་ནས་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས། ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་ཐོག་མཐའ་ཀུན་དུ་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་ཡིན་ལ། བོད་ལྗོངས་དཔལ་ཡོན་ཡར་ཐོན་གྱི་ལམ་བུ་ཡིན། བོད་ལྗོངས་ཀྱི་རིགས་སོ་སོའི་སྤུན་ཟླའི་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་ཡང་ཡིན། 

འདི་ནི1954ལོར་ལམ་སྐྲུན་དཔུང་ཆེན་གྱིས་ཁང་བོད་གཞུང་ལམ་སྐྲུན་ཡུལ་རེད།(1955ལོར་ཁྲོན་བོད་གཞུང་ལམ་ཞེས་མིང་བསྒྱུར) དཔྱད་གཞིའི་པར་རིས། 

 མྱ་ངམ་ཐང་དུ་ལམ་བསྐྲུན་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་ཞིག 

ལྷ་སའི་ནུབ་ཁུལ་གྱི་ཆུ་བོའི་འགྲམ་དུ། ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་བརྗིད་ཉམས་ལྡན་པའི་ངང་འགྱིངས་ཡོད། རྡོ་རིང་གི་རྒྱབ་ངོས་ཀྱི་ཚན་པ་དང་པོར “རྒྱལ་ཁབ་དབུ་བརྙེས་པའི་དུས་མགོར། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་མངོན་འགྱུར་དང་། མི་རིགས་མཐུན་སྒྲིལ་གཏིང་ཟབ་ཏུ་གཏོང་བ། ལྷོ་ནུབ་མཐའ་མཚམས་འཛུགས་སྐྲུན་བཅས་བྱ་ཆེད། ཀྲུང་དབྱང་གི་བཀའ་ལྟར་བོད་བཅིངས་གྲོལ་བཏང་ཞིང་། ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན”ཞེས་འཁོད་ཡོད། 

ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཨ་རི་དང་རྒྱ་གར་གྱིས་བོད་ལ་ཧམ་སེམས་ཆེན་པོ་བཅངས་ཡོད་ལ། བོད་ཀྱི་མཐོ་རིམ་ཁ་ཕྲལ་སྟོབས་ཤུགས་ཀྱིས་ཀྱང་བཙན་རྒྱལ་རིང་ལུགས་ཀྱི་རྒྱབ་སྐྱོར་འོག་འདོད་ཧམ་ཆེན་པོ་སྐྱེ་བཞིན་ཡོད། ལྷོ་ནུབ་ས་ཁུལ་གྱི་གནས་བབ་དུས་གཅིག་ལ་རྙོག་འཛིང་ཀྱིས་ཁེངས། 

བོད་ལྗོངས་བཅིངས་གྲོལ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་ཡོད། འོན་ཀྱང་སྐབས་དེའི་བོད་ལྗོངས་ཀྱི་འགྲིམ་འགྲུལ“རྡོ་ཧྲུག་གིས་འཕྲེད་གཞུང་བཅད། མི་རྟ་གཉིས་ཐར་བར་དཀའ། ཉེན་ཁ་ནི་ཧ་ཅང་ཆེ།  དཀའ་བ་ནི་བརྗོད་མི་ལང་།   

1950ལོའི་ཟླ1པོར། བློ་མཐུན་མའོ་ཙེ་ཏུང་གིས་ལོ་དེའི་ཟླ5པའི་ཟླ་དཀྱིལ་དུ་བོད་ལྗོངས་སུ་དམག་འདྲེན་མགོ་འཛུགས་རྒྱུ་བརྩོན་ལེན་བྱེད་དགོས་ཞེས་བཏོན། ཟླ་གསུམ་གྱི་རྗེས་སུ། ཁང་བོད་གཞུང་ལམ(1955ལོར་ཁྲོན་བོད་གཞུང་ལམ་ཞེས་མིང་བསྒྱུར)ལས་གྲྭ་སྐྲུན་མགོ་ཚུགས། དེའི་རྗེས་སུ། བློ་མཐུན་མའོ་ཙེ་ཏུང་གིས་བོད་ལྗོངས་སུ་དམག་འདྲེན་པའི་བཀའ་ཕབ་པ་དང་། བོད་ལྗོངས་སུ་སྐྱོད་པའི་དམག་དཔུང་ལ“ཕྱོགས་གཅིག་ནས་དམག་འདྲེན་རྒྱུ་དང་། ཕྱོགས་གཅིག་ནས་ལམ་སྐྲུན་དགོས”ཞེས་འབོད་སྐུལ་བཏང་།

རི་ལ་ལམ་བཏོད། ཆུ་ལ་ཟམ་སྐྲུན། མི་ཁྲི10ལྷག་གི་ལམ་སྐྲུན་དཔུང་ཆེན་གྱིས་ས་མཐོའི་གསོ་རླུང་མི་འདང་བ་དང་རང་བྱུང་ཉེན་ཁ་ཆེ་བ། དངོས་རྫས་དཀོན་པ་སོགས་ཀྱི་འགལ་རྐྱེན་ཁྱད་དུ་བསད་དེ། ལག་ཆ་ཐབས་ཆག་ལ་བརྟེན་ནས“རི་མཐོའི་གཉའ་བཅག་ཅིང་། གཙང་པོར་ལམ་འབྱེད་པ”ཡི་དཔའ་བོའི་བློ་སྟོབས་ཀྱིས་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་མགོ་ཚུགས། 

འཕྲེད་བཅད་རི་བོ་ཕུག །འབྲི་ཆུའི་རླབས་ཀྱང་མནན། །འདམ་དང་ས་འཁྱག་བརྒལ། །འདོད་མའི་ནགས་ཚལ་གཤེགས། ། ལོ་ངོ4ཡི་རིང་ལ། ལམ་སྐྲུན་དཔུང་ཆེན་གྱིས་ས་རྡོ་གྲུ་བཞི་མ་ཁྲི3000ལྷག་སྔོག་འདོན་བྱས་ཤིང་། ཟམ་པ400ལྷག་བསྐྲུན་ཏེ། རང་བྱུང་ལ་འཐབ་རྩོད་བྱས་ཤིང། ཚེ་སྲོག་གིས་ལམ་བུ་སྐྲུན་མཐར་རྒྱལ་ཁ་ཐོབ་པ་རེད།

1954ལོའི་ཟླ12པའི་ཚེས25ཉིན་ནི་བོད་ལྗོངས་མི་དམངས་ཀྱི་བཀྲ་ཤིས་པའི་ཉིན་མོ་ཡིན། ཉིན་དེར་གཞུང་ལམ་གཉིས་ནས་དུས་གཅིག་ཏུ་ལྷ་སར་རླངས་འཁོར་ཤར་གཏོང་བྱས། ཉིན་དེར། དངོས་ཟོག་བྱུར་བུར་བླུགས་པའི་རླངས་འཁོར་གང་སར་འགྲོ་རྒྱུགས་བྱས། ཉིན་དེར། བོད་ལྗོངས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལམ་ཕྲེང་དང་འབྲེང་ཟམ། མིས་ཁུར་ཕྱུགས་བཀལ་གྱི་སྐྱེལ་འདྲེན་བྱེད་སྟངས་མཇུག་སྒྲིལ་ཞིང་དུས་ཡུན་རིང་པོའི་ཕྱི་ཕྱོགས་བཀག་སྡོམ་གྱི་གནས་ཚུལ་ལ་འགྱུར་ལྡོག་བྱུང་། 

བརྗིད་ཆགས་མཐོ་སྒང་ལ། །ལམ་གཉིས་ཤར་གཏོང་བྱུང་། བོད་རྒྱ་སྤུན་ཟླ་ཡིས། །གླུ་ལེན་གར་ལ་རོལ། ། རིང་ཚད་ལ་སྤྱི་ལེ4360ཟིན་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ནི་དཀར་གཙང་ཁ་བཏགས་གཉིས་དང་འདྲ་བར་གངས་ལྗོངས་མཐོ་སྒང་དང་མེས་རྒྱལ་ཁྱིམ་ཚང་ཆེན་མོ་གཉིས་དམ་དུ་སྦྲེལ། 

འདི་ནི་ཁྲོན་བོད་གཞུང་ལམ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ས་ཁོངས་ཀྱི“རྒྱལ་མོ་རྔུལ་ཆུའི་ཁུག་སོ72པ”རེད། (2016ལོའི་ཟླ5པའི་ཚེས15ཉིན་པར)

དུས་ཚོད་ལས་བརྒལ་བའི་ཚེ་སྲོག་གི་བསྟོད་བསྔགས་ཤིག 

བོད་ལྗོངས་དམག་ཁུལ་དམག་དོན་ལོ་རྒྱུས་ཁང་དུ་ལྕགས་ཁེམ་ཞིག་བཤམས་ཡོད། ལྕགས་ཁེམ་དེར་བཙའ་ཆགས་ཤིང་། ཡུ་བར་གས་ཁས་ཁེངས་ཡོད། འོན་ཀྱང་སྤྱིར་བཏང་གི་ལྕགས་ཁེམ་དེས་ལམ་གཉིས་འཛུགས་སྐྲུན་གྱི་རླབས་ཆེན་འགན་འཁྲི་ཁུར་མྱོང་།

1950ལོའི་ཟླ3པར། ཧོའེ་ཧའེ་གཡུལ་འགྱེད་ཀྱི་ཉམས་སད་ཐེག་པའི་དམག་སྡེ་བཅོ་བརྒྱད་པས་སྤོབས་པ་ཆེན་པོས་དམ་བཅའ་བཞག་ནས། ལྕགས་ཁེམ་དང་ལྕགས་ཧྲེང་། རྡོ་རྡུང་བཅས་ཁྱེར་ནས་ལམ་ལ་ཆས། ཁོ་ཚོས་ཕ་བོང་གཏོར་ཏེ་ལམ་ཆེན་བཏོད། འཁྱགས་ཆུ་བརྒལ་ཏེ་ཟམ་པ་བསྐྲུན། རི་ཆེན་ལྷུན་པོ14ལས་བརྒལ་ཅིང་གས་སྲུབས་ས་རྒྱུད་ཆེན་པོ8བརྒྱུད། ཉེན་ཁ་ཆེ་བའི་གྲམ་ཐང་དང་བགྲང་གིས་མི་ལང་པའི་འདམ་རྫབ་མང་པོ་བརྒལ་མཐར།  ལོ4ཡི་རྗེས་སུ་ཁྲོན་བོད་གཞུང་ལམ་འགྲུབ།  

1954ལོའི་ཟླ5པར། སྐབས་དེའི་བོད་ལྗོངས་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་མུའུ་ཧྲེང་ཀྲུང་གིས་མི1200ལྷག་ཁྲིད་ནས་གངས་ཆུ་གཙང་པོའི་ཨའེ་ཁྲེལ་གྲོག་རོང་ནས་མགོ་བརྩམས་ཏེ། ཉིན30ཡི་རིང་སྤྱི་ལེ30ཡོད་པའི་གདང་ལའི་མདོའི་ལམ་དུམ་བསྐྲུན་པ་དང་། ཉིན10ཡི་རིང་སྤྱི་ལེ200ཡོད་པའི་བོད་བྱང་ཐང་གི་ལམ་དུམ་བསྐྲུན། ལོ་དེའི་ཟླ12པའི་ཚེས22ཉིན་མཚོ་བོད་གཞུང་ལམ་བསྐྲུན་ནས་ལྷ་སར་ཐོན། 

དཀའ་ཚེགས་ཆེ་ཡང་བྱ་གཞག་རླབས་ཆེན་འགྲུབ། ཚེ་བློས་བཏང་ཡང་བྱས་རྗེས་རླབས་ཆེན་བཞག ། སྤྱི་ལེ4360ཡོད་པའི་འགྲིམ་འགྲུལ་ལམ་ཐིག་ཐོག་དར་རྒྱས་གོང་འཕེལ་གྱི་བསྟོད་གླུ་བླངས་ཡོད་ལ། སྔོན་གཤེགས་དཔའ་བོ་ཚོའི་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་རྒྱལ་ཁའི་གླུ་སྒྲ་ཡང་གྲགས་མྱོང་།

ཁྲོ་ལ་རི་བོའི་ལས་ཡུལ་དུ་འབར་གཏོར་བྱེད་དུས་ལོ་ན25ཡིན་པའི་ཀྲང་ཧྥུའུ་ལིན་ལ་སྟབས་མི་ལེགས་པར་རྡོ་ཆེན་གྱིས་བརྒྱབ། ཚེ་ལས་མ་འདས་སྔོན། སྨན་བཅོས་མི་སྣར་ཁབ་བརྒྱབ་ནས་མྱུར་སྐྱོབ་བྱེད་དུ་མ་བཅུག་པར་བཤད་དོན། ང་སྐྱོབ་ཐུབ་རྒྱུ་མ་རེད། མེས་རྒྱལ་གྱི་ཆེད་དུ་སྨན་ཁབ་གཅིག་གྲོན་ཆུང་བྱེད་དགོས། 

ཨ་ཆེན་གངས་རྒྱབ་ཀྱི་ས་བབ་མཐོ་ཞིང་རླུང་གནོན་དམའ། རྫ་དུག་སྟུག བཟོ་སྐྲུན་དམག་དཔུང་གཉིས་པའི་འཐབ་མོ་བ་ཆའོ་ཀྲེན་ཝུའུ་ལ་གློ་བུར་དུ་གཉིད་ཁུངས་ནས་ནད་འཕར་ཏེ་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་ཚེ་ལས་འདས། ཁོང་གིས་ནམ་ཡང་མཚོ་བོད་གཞུང་ལམ་བསྲུང་ཡོད། 

དཔའ་བོ་གསུམ་སྟོང་ལྷག་གི་བླ་སྲོག་འདི་རུ་ཤོར། དུས་རབས་ཤིག་གི་རླབས་ཆེན་བྱ་གཞག་འདི་རང་ཡིན།  “ལམ་གཉིས”ཀྱི་སྙིང་སྟོབས་དུས་རབས་དང་འདྲེས་ཤིང་ཉི་ཟླ་གཉིས་སུ་མེད། 

 1967ལོའི་ཟླ8པར། རླངས་འཁོར་ཚོགས་པ་ཞིག་གི་སློབ་སྟོན་པ་གཞོན་པ་ལི་ཞན་ཝུན་སོགས་དཔོན་དམག10ཡིས་ལས་འགན་སྒྲུབ་སྐབས། གློ་བུར་དུ་རི་ཉིལ་ནས་དཔའ་ངར་ཆེན་པོས་ཚེ་སྲོག་ཤོར།

2001ལོའི་ཟླ8པར། མཚོ་བོད་མཐོ་སྒང་གི་འཁྱག་སའི་ས་ཁུལ་དུ་གཞུང་ལམ་སྐྲུན་པའི་དཀའ་གནད་ཐག་གཅོད་བྱ་ཆེད། ཁྲང་ཨན་སློབ་ཆེན་གཞུང་ལམ་སློབ་གླིང་གི་འབུམ་རམས་པའི་སློབ་དཔོན་ཧུའུ་ཁྲང་ཧྲུན་བོད་དུ་རྟོག་ཞིབ་བྱེད་སྐབས། རླངས་འཁོར་དོན་རྐྱེན་བྱུང་ནས་རྐྱེན་ལམ་དུ་ཤོར་ཏེ། རྣམ་ཤེས་མཚོ་བོད་གཞུང་ལམ་ལ་འཐུམ། 

བྱ་གཞག་འགྲུབ་ཆེད་ཚེ་སྲོག་ཡིན་ཡང་བློས་གཏོང་ནུས། །ཉི་ཟླ་ལའང་གནམ་ས་བརྗེས་ཞེས་བཀའ་འབབ་ཕོད། །དཔའ་བོ་གྲངས་ལས་འདས་པས་ཤ་ཁྲག་སྤྱད་དེ་གངས་ལྗོངས་མཐོ་སྒང་གི་འགྲིམ་འགྲུལ་ལམ་བུ་བཏོད་ཅིང་། དེ་སྔ་འགྲིམ་འགྲུལ་སྟབས་མི་བདེ་བའི་མཐོ་སྒང་གྲམ་ཐང་ལ་འགྱུར་ལྡོག་གསར་བ་བྱུང་།  

འདི་ནི་མཚོ་བོད་གཞུང་ལམ་འགྲམ་གྱི་ནག་ཆུ་རྫོང་ཞོལ་མའོ་ཤང་འབྲོག་ཟོག་ཐོན་རྫས་ཀྱི་འགྲེམས་ཚོང་ས་ཚིགས་རེད། 

མཐུན་སྒྲིལ་འབད་འཐབ་བྱས་པའི་དུས་རབས་ཀྱི་བསྟོད་གླུ་ཞིག 

“སུ་ཡིས་ང་ཚོར་གཞུང་ལམ་བསྐྲུན་རོགས་བྱས། སུ་ཡིས་ང་ཚོར་ཟམ་པ་འཛུགས་རོགས་བྱས།  གཉེན་ཉེ་བཅིངས་གྲོལ་དམག་རེད། མགོན་སྐྱབས་གུང་ཁྲན་ཏང་རེད། དམག་དམངས་ཁྱིམ་ཚང་གཅིག་གི་ཡིན། ང་ཚོས་གཉེན་ཉེར་གོས་འཁྲུ་རོགས་བྱེད།” དུས་རབས20པའི་ལོ་རབས60པར་དར་བའི《གོས་འཁྲུའི་གླུ་གཞས》ཞེས་པ་འདིས་བོད་རྒྱ་སྤུན་ཟླའི་མཛའ་བརྩེ་ཟབ་མོ་མཚོན་ཡོད། 

བཅིངས་འགྲོལ་དམག་བོད་ལྗོངས་སུ་མ་སྐྱོད་སྔོན། བློ་མཐུན་མའོ་ཙེ་ཏུང་གིས“བོད་ལྗོངས་སུ་དམག་དཔུང་འདྲེན་དུས་ས་གནས་ཀྱི་ལྟ་ཟས་བཟའ་མི་ཆོག”ཞེས་པའི་མཛུབ་སྟོན་གནང་། བོད་ལྗོངས་སུ་སྐྱོད་རྗེས། བཅིངས་འགྲོལ་དམག་ལ་འབྲུ་རིགས་མི་འདང་བའི་གནས་ཚུལ་འོག ཁྲོམ་རའི་རིན་གོང་ལས་མཐོ་བའི་སྒོ་ནས་དགོན་སྡེ་དང་སྐུ་དྲག་གི་ལག་ནས་འབྲུ་རིགས་ཉོས་ཀྱང་མི་སེར་གྱི་ལག་ནས་འབྲུ་རིགས་མ་ཉོས་པར། ས་གནས་མང་ཚོགས་ཀྱི་བཟའ་འབྲུའི་དགོས་མཁོར་ཁེག་ཐག་བྱས། 

ལྟས་ཙམ་གྱིས་མི་ཆོས་དང་མི་མཐུན་པའི་བཀའ་རྒྱ་དེའི་ཤུགས་སུ་གུང་ཁྲན་ཏང་མིས་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་མཚོན་ཡོད། 

ལྷག་བསམ་རྣམ་དག་ལ་བློ་སེམས་དཀར་པོ་ཐོབ། སི་ཁྲོན་དང་མཚོ་སྔོན། བོད་རང་སྐྱོང་ལྗོངས་བཅས་ཀྱི་མང་ཚོགས་ཧུར་ཐག་གིས་གཞུང་ལམ་བསྐྲུན་པའི་གོ་རིམ་ཁྲོད་ཞུགས། སི་ཁྲོན་དཀར་མཛེས་ཁུལ་གྱི་རོགས་སྐྱོར་དངོས་ཟོག་འབྲི་གཡག6000ལྷག་ཕུལ་བ་དང་། བོད་རིགས་སྤུན་ཟླ17000ཡིས་ཁྲོན་བོད་གཞུང་ལམ་འཛུགས་སྐྲུན་ཁྲོད་ཞུགས་ནས་ལང་ཚོ་དང་ཁྲག་དྲོན་བཏོན། 

 “ལམ་བསྐྲུན་ནས་གང་དུ་ཐོན་ན། ང་ཚོའི་རོགས་སྐྱོར་དེ་རུ་ཐོན་ངེས། ” བོད་རྒྱ་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་བྱེད་པའི་གཏམ་རྒྱུད་འདི་རུ་ཁྱབ་ཡོད། 

ལོ་ངོ23ལ་ཁྲོ་ལ་རི་བོར་ལམ་སྲུང་བའི་མའོ་ཧྲང་ཝུའེ་དང་ལི་ཞིང་ཡུའུ་བཟའ་ཟླ་གཉིས་ཀྱིས་བོད་རིགས་སྦྲག་སྐྱེལ་བ་འཆི་མེད་རྡོ་རྗེའི་མཁོ་དངོས་བསྐྱལ་བར་བརྟེན་ནས། རི་མཐོ་ལུང་སྟོང་གི“ཚེ་སྲོག་བཀག་སྡོམ་ཁུལ”དུ་ཁོང་ཚོའི་མཛའ་གྲོགས་ཟབ་མོའི་བདེན་དཔང་ཐོབ། 

“གནམ་འོག་ལམ་སྲུང་དང་པོའི”ལས་མི་ཞིག་ཡིན་ཆ་ནས་བཀྲ་ཤིས་ཚེ་རིང་གིས་ཉིན་རེར་ས་བབ་སྨི5000ཡན་གྱི་གཞུང་ལམ་ཐོག་གངས་འཁྱགས་ཕྱགས་ནས་གྲང་རླུང་རུས་ལ་ཟུག་ཡོད། འོན་ཀྱང་འདིར་བརྒྱུད་པའི་ཁ་ལོ་བ་ཚོས་དེར“གནམ་འོག་གི་དྲོད་ཁོལ་དང་པོ”ཞེས་འབོད་ཀྱིན་ཡོད།  

དཀའ་སྤྱད་འབད་འབུངས་བྱས་ན་མི་ཕལ་བས་ཀྱང་བྱ་གཞག་རླབས་པོ་ཆེ་འགྲུབ། མུ་མཐུད་དུ་འབད་འཐབ་བྱས་ནས་མགོ་འཛུགས་ས་གསར་པའི་ཐོག་སླར་ཡང་འོད་སྟོང་འཕྲོ་བའི་བྱས་རྗེས་འཇོག་དགོས།  

ལོ་ངོ60ལྷག་གི་རིང་། བོད་རྒྱ་མི་དམངས་ཀྱིས“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། བོད་ལྗོངས་སུ་སྐྱོད་པའི་བགྲོད་ལམ་གཏོད་ཆེད་འབད་འཐབ་ལྷོད་མེད་བྱས་ཤིང་། ཞིན་བོད་དང་ཡུན་བོད་གཞུང་ལམ་གྱིས་འགྲིམ་འགྲུལ་འབྲེལ་བར་ཤུགས་བསྣན་ལ། མཚོ་བོད་ལྕགས་ལམ་གྱིས་བོད་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་བོད་དུ་མཁའ་ཐོག་སྐྱེལ་འདྲེན་ལ་གཞོགས་འདེགས་བྱས།  

གྲངས་གཞི་ལས་མངོན་པར།  བོད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ལམ་ཚད2000ལོའི་ལོ་མཇུག་གི་སྤྱི་ལེ་ཁྲི2.25ནས2020ལོའི་ལོ་མཇུག་གི་སྤྱི་ལེ་ཁྲི11.88བར་ཇེ་རིང་དུ་སོང་ཞིང་།  བོད་ལྗོངས་ཀྱི་རྫོང(ཆུས)ཡོངས་དང་ཤང་གྲོང476དང། སྲིད་འཛིན་གྲོང་ཚོ2050བཅས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། ལྷ་སའི་ལྕགས་ལམ་ས་ཚིགས་ནུབ་མའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད2006ལོའི་གཏུང་འདྲེན་ཏུན་ཁྲི2དང་ཚུར་འདྲེན་ཏུན་ཁྲི29ལྷག་ནས2020ལོའི་གཏོང་འདྲེན་ཏུན་ཁྲི49ནས་ཚུར་འདྲེན་ཏུན་ཁྲི614ལ་སླེབས་ཡོད། དམངས་སྐྱོད་གནམ་གྲུས་འགྲུལ་སྐྱེལ་ཚད2000ལོའི་མི་ཐེངས་ཁྲི53ནས2020ལོའི་མི་ཐེངས་ཁྲི515ལ་འཕར་ཡོད། 

དེ་སྔའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ལ་བོད་རིགས་མི་དམངས་ཀྱིས“བདེ་སྐྱིད་ཀྱི་གསེར་ཟམ”དང“བཀྲ་ཤིས་པའི་འཇའ་ཚོན”ཞེས་བརྗོད་ཀྱིན་ཡོད། ད་ལྟ“གསེར་ཟམ”དང“འཇའ་ཚོན”མང་པོ་སྤང་ཐང་གི་མེ་ཏོག་ལྟར་བཞད་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་སྐུལ་ལྕག་འོག བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཤིང་། གངས་ལྗོངས་མཐོ་སྒང་གི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ཀྱང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་ཡོད། 

འདི་ནི་ཁྲོ་ལ་རི་བོའི་འདབས་ཀྱི་སྔོན་གཤེགས་དཔའ་བོ་ཀྲང་ཧྥུའུ་ལིན་གི་བང་སོའི་མདུན་དུ་འགྱིང་ངེར་གནས་པའི“དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་གི་སྙིང་སྟོབས་ནམ་ཡང་གནས”ཞེས་པའི་འཇིམ་རྐོས་རེད། (2019ལོའི་ཟླ11པའི་ཚེས1ཉིན་གྱི་པར།) 

འདི་ནི་འཆི་མེད་རྡོ་རྗེ་དང་ལས་རོགས་ཚོས་རླངས་འཁོར་བསྐོར་ནས་གངས་རྒྱུད་སྦྲག་ལམ་ཐོག་བསྐྱོད་ཀྱིན་པའི་རྣམ་པ་རེད། འཆི་མེད་རྡོ་རྗེ་ནི་ཀྲུང་གོ་སྦྲག་སྲིད་དཀར་མཛེས་རྫོང་ཡན་ལག་ཀུང་སིའི་སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཡིན་ལ། དཀར་མཛེས་རྫོང་དང་སྡེ་དགེ་རྫོང་བར་འགྲོ་འོང་བྱེད་ཀྱིན་ཡོད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ལམ་འདིར་སྤྱི་ལེ5866ཙམ་ཡོད་ལ། ཆ་སྙོམས་ཀྱི་ས་བབ་སྨི3500ལས་བརྒལ་ཞིང་ཉེན་ཁ་ཧ་ཅང་ཆེ། 

འདི་ནི་མཚོ་སྔོན་ཨ་ཆེན་གངས་རྒྱབ་ཏུ་གཙོད་མོ་ཁྱུ་གཅིག་མཚོ་བོད་གཞུང་ལམ(2016ལོའི་ཟླ6པའི་ཚེས7ཉིན)བརྒྱུད་ནས་འགྲོ་བཞིན་པའི་ཚུལ་རེད། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།