ཀྲུང་གོ་བོད་ཀྱི་དྲ་བ།

སུང་ཁྲུན་ལན་གྱིས་འཛམ་གླིང་འཕྲོད་བསྟེན་བདེ་ཐང་གླེང་སྟེགས་སྐབས་དང་པོའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས20ཉིན། འཛམ་གླིང་འཕྲོད་བསྟེན་བདེ་ཐང་གླེང་སྟེགས་སྐབས་དང་པོ་ཆིན་ཧྭ་སློབ་ཆེན་དུ་གཟབ་རྒྱས་ངང་འཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲུན་ལན་གྱིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ། 

སུང་ཁྲུན་ལན་གྱིས་བསྟན་དོན། རིམས་ནད་ལ་རྒྱལ་མཚམས་མེད་པས་རིམས་ནད་ཀྱི་འཇིགས་སྐུལ་ལ་ཁ་གཏད་གཅོག་རྒྱུ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོས་གདོང་གཏོད་དགོས་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། མིག་སྔར། འཛམ་གླིང་གི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནས་བབ་ཛ་དྲག་ཡིན་ཞིང་། མིའི་རིགས་ཀྱི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འཇིགས་སྣང་ཆེན་པོ་སྐུལ་བཞིན་ཡོད། ཁོ་མོས་ཐེངས་འདིའི་གླེང་སྟེགས་སྟེང་ཞུགས་པའི་ལས་རིགས་སོ་སོའི་འཐུས་མིས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་འདུས་གྲུབ་ཚོགས་པའི་འདུ་ཤེས་ཆགས་པར་བྱས་ཏེ། བསམ་བློ་བརྗེ་རེས་དང་ཐུན་མོང་གི་ངོས་འཛིན་གོང་བུར་འགྲིལ་བར་ཤུགས་བསྣན་ནས། རྒྱལ་སྤྱིའི་རིམས་ནད་ལ་འགོག་སྡོམ་དང་འཕྲོད་བསྟེན་བདེ་ཐང་ཐད་མཉམ་ལས། ཐུན་མོང་ཐོག་མིའི་རིགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་། མཛེས་སྡུག་ལྡན་པའི་མ་འོངས་གསར་སྐྲུན་བཅས་བྱེད་པར་བྱས་རྗེས་གལ་ཆེན་འཇོག་དགོས་ཞེས་རེ་བ་བཏོན། 

འཛམ་གླིང་འཕྲོད་བསྟེན་བདེ་ཐང་གླེང་སྟེགས་སྐབས་དང་པོ་དེ“མཉེན་གཤིས་ལྡན་པའི་སྤྱི་བའི་འཕྲོད་བསྟེན་མ་ལག་འཛུགས་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས། རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ། ཆེད་ལས་མི་སྣ། ཆེད་མཁས་པ་སོགས་ཕལ་ཆེར་མི150ལྷག་བརྙན་ལམ་བརྒྱུད་ནས་རིག་གཞུང་བགྲོ་གླེང་གནང་། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།