ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་ཡོངས་ཀྱི་དམག་འཐབ་གྲ་སྒྲིག་གི་དཔེ་དམག་ལས་ཁུངས་དང་དཔེ་དམག་མི་སྒེར་ལ་གཟེངས་བསྟོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་བཏང་ནས། དམག་ཡོངས་ཀྱི་དམག་འཐབ་གྲ་སྒྲིག་གི་དཔེ་དམག་ལས་ཁུངས་བཅུ་དང་དམག་ཡོངས་ཀྱི་དམག་འཐབ་གྲ་སྒྲིག་གི་དཔེ་དམག་མི་སྒེར་ཉི་ཤུ་ལ་གཟེངས་བསྟོད་བྱས།

བརྡ་ཁྱབ་ནང་བསྟན་དོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དོན་བྱ་བའི་གྲོས་ཚོགས་འཚོགས་པ་ནས་བཟུང་། རིམ་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དོན་འཁྱོལ་གཏིང་ཟབ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་པ་ལས་གཞན། རྒྱལ་སྤྱིའི་འཐབ་ཇུས་ཀྱི་ཆགས་སྟངས་རིམ་འགྱུར་བྱུང་བ་དང་ཉེ་འཁོར་བདེ་འཇགས་ཀྱི་གནས་བབ་འཕེལ་རྒྱས་འགྲོ་ཚུལ་ཁོང་དུ་ཟབ་མོར་ཆུད་པར་བྱས། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་དང་ཉམས་ཉེན་གྱི་འདུ་ཤེས། དམག་འཁྲུག་རྒྱག་པའི་འདུ་ཤེས་འཛིན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དང་དམག་དོན་འཐབ་རྩོད་གྲ་སྒྲིག་གི་ལས་ཀ་ཁག་ཏན་ཏིག་ངང་ལེགས་པོར་སྒྲུབ་པ །ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་ལས་འགན་ནུས་ལྡན་ངང་སྒྲུབ་པ་བཅས་བྱས་ཏེ། དམག་དོན་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོ་དང་། སྦྱོང་བརྡར་དང་ཚན་རིག་ཞིབ་འཇུག་གལ་ཆེན། དཀའ་ཁག་ཆེ་ལ་ཉེན་ཁ་ལྡན་པའི་ལས་འགན་གལ་ཆེན་བཅས་ཀྱི་ཁྲོད་དུ། དམག་དཔུང་ཧྲག་སྒྲུག་དང་དྲག་རྩལ་རྩེ་གྲས་ཀྱི་གདོང་ལེན་པ་འབོར་ཆེན་ཞིག་བྱུང་།

བརྡ་ཁྱབ་ནང་བླང་བྱ་བཏོན་དོན། དམག་ཡོངས་ཀྱི་དམག་དཔུང་གིས་གཟེངས་བསྟོད་ཐོབ་པའི་ལས་ཁུངས་དང་མི་སྒེར་མིག་དཔེར་བཟུང་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དམག་འཐབ་གྲ་སྒྲིག་གི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཅན་ལ་ཤུགས་སྣོན་པ། སེམས་ནུས་ཡོད་རྒུ་དམག་འཐབ་ལས་དོན་སྟེང་ནས་གཅིག་སྡུད་བྱེད་པ། ལས་རིམ་སོ་སོས་དམག་འཐབ་ལ་ཤུགས་སྣོན་པ། དུས་རབས་གསར་པར་རྒྱལ་ཁ་ཐོབ་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།