ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་པེ་ཅིང་དུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ།  པེ་ཅིང་གྲོང་ཁྱེར་ཏང་ཨུ་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་ཐོག་མ་བསྡུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་སྙན་ཞུ་ཕུལ།

ཧོང་ཁུན་མེན་གྱིས་སྙན་ཞུ་འབུལ་སྐབས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚུན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་མཚམས་སྦྱོར་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་འཚོགས་པ་དང་གཏན་འཁེལ་བྱས་པའི་གྲོས་ཆོད་ཀྱི་དོན་སྙིང་གལ་ཆེན་གསལ་བཤད་བྱས་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་འགན་འཁྲི་དང་གྲུབ་འབྲས་གལ་ཆེན་རྒྱས་བཤད་བྱས་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་གཙོར་བཟུང་ནས་སྒྲོག་འགྲེལ་བྱས་ཤིང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་དང་ལོ་རྒྱུས་ཉམས་མྱོང་རྒྱས་བཤད་བྱས་པ་དང་། ལོ་རྒྱུས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་འཐབ་ལམ་གསར་བར་གང་ལེགས་སྒོས་བསྐྱོད་པའི་ཐད་ཀྱི་ངོས་ཟིན་དང་མྱོང་ཚོར་བརྗོད། ཁོས་བཤད་དོན། ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་དགོངས་དོན་གལ་ཆེན་དང་ཆོད་དོན་གལ་ཆེན། ལྷག་པར་དུ་གཏན་འཁེལ་གཉིས་ཀྱི་དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལོ་རྒྱུས་འཕེལ་རིམ་གྱི་ཆོད་དོན་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གཅིག་གྱུར་བྱེད་དགོས།

སྙན་ཞུ་ཚོགས་འདུར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་བྱ་བར་འགན་འཁུར་བའི་ཧྲུའུ་ཅི་གཞོན་པ་ལེང་ཡན་ཧྲོན་གྱིས་མགོ་འཛིན་བྱས། པེ་ཅིང་དུ་ཡོད་པའི་ཏང་སྲིད་དམག་གསུམ་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་དང་མཐོ་རིམ་སློབ་གྲྭའི་འགན་འཁུར་བ། རིགས་གཞུང་བྱ་བ་སྒྲུབ་མཁན། ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་བཅས་བསྡོམས་པས་མི་བརྒྱད་བརྒྱ་ལྷག་སྙན་ཞུ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།