ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ཁང་གཉིས་ཀྱི་ཡོན་ཧྲི་སྣོན་འདེམས་མཇུག་འབྲས་ཡོངས་བསྒྲགས་བྱས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་གློག་འཕྲིན་ལྟར། ཚེས18ཉིན། ཀྲུང་གོ་ཚན་རིག་ཁང་དང་ཀྲུང་གོ་བཟོ་སྐྲུན་ཁང་གིས2021ལོའི་ཡོན་ཧྲི་སྣོན་འདེམས་མཇུག་འབྲས་ཡོངས་བསྒྲགས་བྱས། ཀྲུང་གོ་ཚན་རིག་ཁང་གིས་ཡོན་ཧྲི65དང་། ཀྲུང་གོ་བཟོ་སྐྲུན་ཁང་གིས་ཡོན་ཧྲི84བདམས། རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་དུ་ཡུན་རིང་འབད་འཐབ་བྱས་པའི་ཕུལ་བྱུང་ཆེད་མཁས་པ་སྐོར་ཞིག་བདམས་ཐོན་བྱུང་། 

 གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ནང་། རྩིས་རིག་དང་དངོས་ཁམས་རིག་པ་པུའུ་ལ་མི12དང་། རྫས་འགྱུར་པུའུ་ལ་མི11། ཚེ་སྲོག་ཚན་རིག་དང་གསོ་རིག་པུའུ་ལ་མི10། ས་ཁམས་རིག་པ་པུའུ་ལ་མི9། ཆ་འཕྲིན་ལག་རྩལ་ཚན་རིག་པུའུ་ལ་མི10། ལག་རྩལ་ཚན་རིག་པུའུ་ལ་མི13བཅས་བདམས་ཡོད། ཆ་སྙོམས་ལོ་ཚོད57.4ཟིན་པ་དང་། བུད་མེད་ཚན་རིག་པ5བདམས་ཐོན་བྱུང་ཡོད། ངོ་སྤྲོད་ལྟར་ན། ཐེངས་འདིའི་ཡོན་ཧྲི་སྣོན་འདེམས་ཁྲོད། དམིགས་བསལ་འོས་སྦྱོར་ཞིབ་དཔྱད་ལམ་སྲོལ་བརྒྱུད་ནས། རྒྱལ་སྲུང་དང་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ཀྱི་མི5ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིར་བདམས་པ་དང་། གསར་དར་དང་སྣོལ་འདྲེས་རིག་ཚན་ཁྱབ་ཁོངས་སུ་མི3བདམས་ཐོན་བྱུང་ཡོད། སྣོན་འདེམས་བྱས་རྗེས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་དཔུང་ཁག་གི་གྲུབ་ཆ་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད།

གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཆ་སྙོམས་ལོ་ཚོད58ཟིན་པ་དང་། བུད་མེད་ཚན་རིག་པ6བདམས་ཐོན་བྱུང་ཡོད། ཀྲུང་གོ་བཟོ་སྐྲུན་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་ངོ་སྤྲོད་ལྟར་ན། ཐེངས་འདིའི་ཡོན་ཧྲི་སྣོན་འདེམས་ཁྲོད། ཀྲུང་གོ་བཟོ་སྐྲུན་ཁང་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་བྱས་རྗེས་གལ་ཆེན་གྱི་ཕྱོགས་སྟོན་ལ་ཤུགས་བསྣན་ནས། “ཁ་ཕྱོགས་བཞི”མཐའ་འཁྱོངས་བྱས་ཏེ། འོས་མིའི་བཟོ་འགོད་གལ་ཆེན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོའི་ཁྱབ་ཁོངས་སུ་བྱས་རྗེས་འཇོག་པར་མཐོང་ཆེན་གནང་ཡོད། 

གཞན་ཡང་། 2021ལོའི་ཡོན་ཧྲིའི་སྣོན་འདེམས་ལ། ཀྲུང་གོ་ཚན་རིག་ཁང་གིས་རྒྱལ་ཁོངས་ཕྱིའི་ཡོན་ཧྲི25བདམས་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གིས་རྒྱལ་ཁོངས་ཕྱིའི་ཡོན་ཧྲི20གསར་འདེམས་བྱས། ཐེངས་འདིའི་སྣོན་འདེམས་བྱས་རྗེས། ཀྲུང་གོའི་ཚན་རིག་ཁང་དུ་ཁྱོན་ཡོན་ཧྲི860དང་རྒྱལ་ཁོངས་ཕྱིའི་ཡོན་ཧྲི129ཡོད་པ་དང་། ཀྲུང་གོའི་བཟོ་སྐྲུན་ཁང་དུ་ཁྱོན་ཡོན་ཧྲི971དང་རྒྱལ་ཁོངས་ཕྱིའི་ཡོན་ཧྲི111ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།