ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་དོན་གྱི་བརྙན་ལམ་ཚོགས་འདུ་པེ་ཅིང་དུ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་པེ་ཅིང་ནས2022ལོའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་དོན་གྱི་བརྙན་ལམ་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་སུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་པའི་སྐབས་འདུར། ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་དོན་ཡག་པོར་བསྒྲུབ་པ་ལ་ནུས་ཤུགས་ཡོད་རྒུས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོང་དོན་དྲིལ་སྒྲོག་ཡག་པོ་བྱེད་པ་དང་།  རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་ཡོང་བར་ཁྲིད་སྟོན་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།  མི་དམངས་ཉིན་རེའི་ཚགས་པར་དང་བདེན་འཚོལ་དུས་དེབ། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་གི་ཏང་གི་ཚགས་པར་དང་དུས་དེབ་གཙོ་བོ་འགྲེམས་སྤེལ་བྱེད་པའི་ལས་དོན་ཏན་ཏིག་གིས་བསྒྲུབ་དགོས། 

ཚོགས་འདུའི་ཐོག་བསྟན་དོན།  ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ནི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཐོན་ཁུངས་གལ་ཆེན་དང་བྱེད་ཐབས་གལ་ཆེན་ཞིག་དང་།  ཏང་གི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་གཡུལ་ས་གཙོ་བོ་ཞིག   ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་མཉམ་སྐྱོད་པ་དང་། དཔང་པོ་བྱེད་མཁན། ཟིན་བྲིས་འདེབས་མཁན་བཅས་ཡིན།  ཏང་གི་ཚགས་པར་དང་ཏང་གི་དུས་དེབ་ཐོག་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་།  སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཐོག་མཐའ་བར་གསུམ་དུ་འགན་འཁྲི་ལྷག་བསམ་རྣམ་དག་བཅས་བྱས་ནས་དུས་རབས་ཐོ་འགོད་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས།  ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་དོན་ཡག་པོ་སྒྲུབ་པར་མི་དམངས་ལྟེ་བར་འཛིན་པའི་ལས་དོན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་།  ཚགས་པར་དང་དུས་དེབ་གཉེར་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་།  འགྲེམས་སྤེལ་ཞབས་ཞུ་ཇེ་ལེགས་སུ་གཏོང་བ།  མཉམ་འདྲེས་འཕེལ་རྒྱས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བཅས་དང་བསྟུན་ནས་ཏང་གི་གསུང་སྐད་དེ་ལས་རྒྱ་ཆེ་བ་དང་དེ་ལས་གཏིང་ཟབ་ཀྱི་སྒོ་ནས་དྲིལ་སྒྲོག་བྱས་ཏེ་མང་ཚོགས་ལ་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་དགོས་ཞེས་བསྟན།

ཚོགས་འདུའི་སྟེང་།  ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་རྩ་འཛུགས་ཀྱི་འགོ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་།  ཏང་གི་ཚགས་པར་དང་ཏང་གི་དུས་དེབ་སྔོན་མངག་གི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཏང་གི་ཚགས་པར་དང་ཏང་གི་དུས་དེབ་གཙོ་གནད་མངགས་ཉོའི་འགྲོ་གྲོན་སྤྱི་འདོམས་འགན་ལེན་བཅས་བྱེད་དགོས།   སྒྲིག་འགལ་གྱི་འགྲེམས་སྤེལ་བཅོས་སྒྲིག་ལས་དོན་ལ་མུ་མཐུད་དུ་དོ་དམ་ཡག་པོ་བྱེད་པ་དང་།  འགྲེམས་སྤེལ་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ།  ལྟ་སྐུལ་གྱི་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་རྒྱག་པ།  བཙན་ཤེད་ངང་འགྲེམས་སྤེལ་དང་ཆ་གསེས་འགྲེམས་སྤེལ།  གཞན་དང་མཉམ་དུ་འགྲེམས་སྤེལ་སོགས་ཀྱི་སྒྲིག་འགལ་གནད་དོན་བསྐྱར་ལོག་བྱ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་འགྲེམས་སྤེལ་གྱི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།