ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཧོ་ཡིས་དབྱིན་ཇིའི་དབྱི་ཧོ་ཀུང་སིའི་ལག་བསྟར་ཀྲུའུ་ཞི་པན་ཀྲེ་མིང·ཁའེ་སི་ཁེ་དང་མཇལ་འཛོམས་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས18ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཡིས་དུས་བཅད་ལྟར་ཀྲུང་གོར་འཚམས་འདྲིར་ཡོང་བའི་དབྱི་ཧོ་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་ལག་བསྟར་ཀྲུའུ་ཞི་པན་ཀྲེ་མིང·ཁའེ་སི་ཁེ་དང་མཇལ་འཛོམས་གནང་།

ལིའུ་ཧོ་ཡིས་བཤད་རྒྱུར།  ཀྲུང་གོ་དང་དབྱིན་ཇིའི་རྒྱལ་ཁབ་གཉིས་པོས་དངོས་སྒྲུབ་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་མ་ཟད།  འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་ཡང་ཕན་ཐོགས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྐུལ་འདེད་བཏང་ནས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་དང་འགྲན་རྩོད་འདྲ་མཉམ་ཀྱི་ཁྲོམ་རའི་ཁོར་ཡུག་མཁོ་འདོན་བྱ་རྒྱུར་གཞོལ་ཏེ་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ལ་ཕྱོགས་རིས་མེད་པ་དང་ལྟ་སྟངས་འདྲ་མཉམ་འཛིན་གྱིན་ཡོད།

ཁའེ་སི་ཁེ་ཡིས་བཤད་རྒྱུར། ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ལོན་པ་དང་།  དཔལ་འབྱོར་ལ་གསོན་ཤུགས་ཀྱིས་ཁེངས་པས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།  དབྱི་ཧོ་ཀུང་སིས་ཀྲུང་གོའི་ཁྲོམ་རར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཀྲུང་གོར་ལས་སྒོ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་དུ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།