ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སྤྱི་འདོམས་ལ་ཤུགས་སྣོན་དང་གཙོ་གནད་འབུར་དུ་བཏོད་ཏེ་ད་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་སྤྲོད་བྱ་བ་ཡག་པོ་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

    སྤེལ་དུས། : 2021-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་ཀྲིན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་འདོན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་སྤྱི་འདོམས་ལ་ཤུགས་སྣོན་དང་གཙོ་གནད་འབུར་དུ་བཏོད་ཏེ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་འདོན་བྱ་བ་ཡག་པོ་སྒྲུབ་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་པེ་ཅིང་དུ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་འདོན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་རྒྱུ་མཁོ་འདོན་འགན་ལེན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་སྤྲོད་བྱ་བར་གོམ་གང་མདུན་སྤོས་སྒོས་བཀོད་སྒྲིག་བྱས་པ་རེད། 

ཟླ11པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་པེ་ཅིང་དུ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་འདོན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། 

ཧན་ཀྲིན་གྱིས་བསྟན་དོན། འབྲེལ་ཡོད་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཉེ་དུས་གློག་ཤུགས་སོགས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། རྡོ་སོལ་ཐོན་ནུས་འདོན་སྤེལ་ཐུབ་པ་དང་རིན་གོང་རིམ་བཞིན་ལུགས་མཐུན་གྱི་ཕྱོགས་སུ་བསྒྱུར་ཞིང་། གློག་ཤུགས་མཁོ་འདོན་གྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ལ། མཁོ་སྤྲོད་ཀྱི་གནས་བབ་རིམ་བཞིན་སླར་གསོ་བྱུང་ཡོད། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། སྤྱི་འདོམས་ལ་ཤུགས་སྣོན་དང་གཙོ་གནད་འབུར་དུ་བཏོད་པ། མཁོ་འདོན་དང་རིན་གོང་བརྟན་བརླིང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དྲོད་སྲུང་མཁོ་འདོན་བྱ་བ་ཡག་པོ་སྒྲུབ་ནས། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་ཁག་ཐེག་དང་། ནུས་རྒྱུའི་བདེ་འཇགས་འགན་ལེན་ལ་ཁག་ཐེག མི་དམངས་མང་ཚོགས་ཀྱིས་དྲོད་ཁོལ་ངང་དགུན་སྐྱེལ་བར་ཁག་ཐེག་བཅས་བྱེད་དགོས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། མུ་མཐུད་དུ་གློག་འདོན་རྡོ་སོལ་དང་རང་བྱུང་སོལ་རླངས་མཁོ་སྤྲོད་ཇེ་མང་དུ་བཏང་ནས། ཐོན་འཕར་གྱི་སྦས་ཤུགས་ལྡན་པའི་ཁེ་ལས་ཀྱིས་ཐོན་ནུས་གློད་རྒྱུར་སྐུལ་འདེད་གཏོང་བ་དང་། རྡོ་སོལ་དང་རང་བྱུང་སོལ་རླངས་གན་རྒྱའི་ཁ་ཆད་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་རྒྱག་པ། རྡོ་སོལ་གྱི་རིན་གོང་ཧམ་སྤོར་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བཅས་བྱེད་དགོས། གློག་འདོན་ཁེ་ལས་ཀྱི་འཕྲུལ་ཆས་སྒྲིག་ཆས་ལ་འགོག་རྐྱེན་བཟོ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས། དགུན་དུས་ཀྱི་མཐོ་རླབས་དུས་སྐབས་སུ་གློག་གཏོང་ཐུབ་པའི་ནུས་པ་དེ་ན་ནིང་གི་དུས་མཚུངས་ཀྱི་ཆུ་ཚད་ལས་མཐོ་བར་གཏོང་དགོས། རྡོ་སོལ་དང་གློག་དང་དྲོད་རླངས་མཁོ་འདོན་ཁེ་ལས་ལ་དུས་རིམ་རང་བཞིན་གྱི་དཀའ་ངལ་སེལ་རོགས་དང་། དངུལ་རྩའི་ལས་ཁུངས་ལ་ཁེ་ལས་ཀྱི་མ་དངུལ་མཉམ་འདྲེས་ལུགས་མཐུན་གྱི་དགོས་མཁོ་འགན་སྲུང་བྱེད་པར་བསྔགས་སྐུལ་བྱས་ནས། རྡོ་སོལ་དང་གློག་གི་རིན་གོང་ཚོང་ར་ཅན་དུ་བསྒྱུར་བའི་ལམ་སྲོལ་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས། ཆེས་གྲང་ངར་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་པའི་སྔོན་ཇུས་གང་ལེགས་བཟོས་ནས། “རྡོ་སོལ་གློག་ལ་བསྒྱུར་བ”དང“རྡོ་སོལ་སོལ་རླངས་ལ་བསྒྱུར་བ”སོགས་སྤྱོད་མཁན་གྱི་གློག་དང་སོལ་རླངས་སྤྱོད་པའི་རང་བྱུང་སོལ་རླངས་ལ་འགན་ལེན་ཡག་པོ་བྱེད་དགོས། ནུས་ཁུངས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་། གློག་དྲ་དང་སྦུག་དྲ་ཉེན་མེད་འཁོར་སྐྱོད། སྤྱི་ཚོགས་ཀྱི་བདེ་འཇགས་སྤྱོད་ནུས་བཅས་གཅིག་གྱུར་གྱིས་དམ་འཛིན་ལེགས་པོ་བྱས་ཏེ། དུས་ཐོག་ཏུ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་རྩད་ཞིབ་དང་སེལ་ཐབས་བྱེད་དགོས། རྒྱལ་སྤྱིའི་ནུས་རྒྱུའི་ཁྲོམ་རའི་འགྱུར་ལྡོག་ལ་ཚད་མཐོའི་དོ་ཁུར་བྱས་ཏེ། ནུས་རྒྱུ་ཕྱིར་གཏོང་ནང་འདྲེན་དང་གསོག་འཇོག་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ཁྲོམ་རའི་སྔོན་དཔག་ལ་སྔར་ལས་ལེགས་པོའི་སྒོ་ནས་ཁྲིད་སྟོན་དང་སྲ་བརྟན་དུ་གཏོང་དགོས། རྡོ་སོལ་དང་། གློག སྣུམ། སོལ་རླངས་བཅས་སྐྱེལ་འདྲེན་འགན་སྲུང་ལམ་སྲོལ་གྱི་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཁུལ་སོ་སོས་ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་དང་། རྒྱ་ཆེའི་ནུས་ཁུངས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་ཧུར་ཐག་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་དྲོད་སྲུང་མཁོ་སྤྲོད་འགན་ལེན་བྱ་བ་ལེགས་པོར་བསྒྲུབ་དགོས། 

 ཧོ་ལི་ཧྥིན་ཚོགས་འདུར་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཧོ་པེ། ནང་སོག ལེའོ་ཉིང་། ཀུའེ་ཀྲོའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་མི་དམངས་སྲིད་གཞུང་གི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་གནང་། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།