ཀྲུང་གོ་བོད་ཀྱི་དྲ་བ།

2025ལོར་བསླེབ་དུས་སྲིད་འཛིན་གྲོང་ཚོ་རུ5Gཤར་གཏོང་བྱེད་ཚད80%ལ་སླེབས་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཟོ་ལས་ཆ་འཕྲིན་པུའུ་ཡིས་ཉེ་སྔོན་བསྒྲགས་པའི《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་འཕེལ་རྒྱས་འཆར་འགོད》(གཤམ་དུ“འཆར་འགོད”ཅེས་བསྡུས་ཡོད)ཁྲོད། 2025ལོར་བསླེབ་དུས། མྱུར་བགྲོད་ཁྱབ་པ་དང་རིག་ནུས་ལྗང་མདོག བདེ་འཇགས་བློས་འཁེལ་བའི་གྲངས་འཛིན་རྨང་གཞིའི་སྒྲིག་ཆས་མ་ལག་གསར་བ་ཕལ་ཆེར་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་ཡིན་པས། བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་དང་། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་ཐུབ། དེར་བརྟན། ཆ་འཕྲིན་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་ཆས་ཐད་བསྡོམས་པས་མ་དངུལ་གཏོང་ཚད2020ལོའི་སྒོར་དུང་ཕྱུར་ཁྲི2.5ནས2025ལོའི་སྒོར་དུང་ཕྱུར་ཁྲི3.7བར་འཕར་ཡོད་པར་བཏོན།

འཆར་འགོད་ཁྲོད་འཛམ་གླིང་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་འོད་འགྱེད་ཚི་སྐུད་དང་སྤོ་འགུལ་ཐགས་ཡངས་དྲ་རྒྱའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་རྨང་གཞིའི་སྟེང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ་འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི5Gརང་ཚུགས་དྲ་རྒྱ་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བར་འབད་བརྩོན་བྱས་ཏེ། མི་ཁྲི་རེར5Gརྟེན་གཞིའི་ས་ཚིགས26ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁྱབ་པ་དང་། སྲིད་འཛིན་གྲོང་ཚོར་ཕལ་ཆེར་ཁྱབ་པ། གཙོ་གནད་བཀོད་སྤྱོད་ངང་ཚུལ་ལ་གཏིང་ཟབ་སྒོས་ཁྱབ་པ་མངོན་འགྱུར་བྱས་ཏེ། དེའི་ཁྲོད་སྲིད་འཛིན་གྲོང་ཚོ་རུ་ཤར་གཏོང་བྱེད་ཚད80%ལ་བསླེབ་པར་བརྩོན་ལེན་བྱ་རྒྱུ་ཡིན་པར་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།