ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ10ཡི་ནང་རྒྱལ་ཡོངས་ཀྱི་མཁར་གྲོང་དུ་ལས་ཞུགས་མི་ཁྲི1133གསར་སྣོན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཉེ་ལམ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ1པོ་ནས་ཟླ10པའི་བར་རྒྱལ་ཡོངས་ཀྱི་མཁར་གྲོང་དུ་ལས་ཞུགས་མི་ཁྲི1133གསར་སྣོན་བྱས་ཏེ། ལོ་འཁོར་གྱི་དམིགས་འབེན་ལས་འགན་སྔ་མོ་ནས་ལེགས་འགྲུབ་བྱས། ངོ་སྤྲོད་ལྟར་ན། ཟླ10བར། རྒྱལ་ཡོངས་ཀྱི་མཁར་གྲོང་གི་ལས་ཀ་ཤོར་ཚད4.9%བརྟག་དཔྱད་བྱས་པ་དང་། དེ་ཟླ་སྔོན་མ་དང་འདྲ་མཉམ་ཡིན་ཞིང་། སྔོན་ལོའི་དུས་མཉམ་ལས་བརྒྱ་ཆའི་ཚེག0.4མར་ཆག་ཡོད། ས་གནས་དེ་གའི་ཐེམ་ཐོ་ཡིན་པའི་མི་གྲངས་ཀྱི་ལས་ཀ་ཤོར་ཚད4.9%བརྟག་དཔྱད་བྱས་ཡོད། ཕྱི་ནས་ཡོང་བའི་ཐེམ་ཐོ་ཡིན་པའི་མི་གྲངས་ཀྱི་ལས་ཀ་ཤོར་ཚད4.8%བརྟག་དཔྱད་བྱས་ཡོད།

ལས་ཞུགས་གནས་བབ་ཕལ་ཆེར་བརྟན་བརླིང་ཡིན་པ་དེ་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་བྱུང་བར་རག་ལས་པ་ཡིན། ངོ་སྤྲོད་ལྟར་ན། ཟླ་སྔོན་མ་གསུམ་གྱི་རིང་། རང་རྒྱལ་གྱི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཉམ་ལས9.8%འཕར་བ་དང་། ལོ་གཉིས་ལ་ཆ་སྙོམས་སུ5.2%འཕར་ཡོད། དཔལ་འབྱོར་བསྡོམས་འབོར་རྒྱ་བསྐྱེད་པ་ལས་ངལ་རྩོལ་ནུས་ཤུགས་ཇེ་མང་དུ་གཏོང་དགོས་ཤིང་། ལས་ཞུགས་རྒྱ་བསྐྱེད་པར་ཡང་ཕན་ཐོགས་ཐུབ། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཕྱི་རོལ་དུ་ཞོར་ལས་ལ་འགྲོ་བའི་གཞི་ཁྱོན་ཕལ་ཆར་བརྟན་བརླིང་ཡིན་པ་དང་། དབུལ་ཐར་ངལ་རྩོལ་བའི་ཞོར་ལས་བསྡོམས་འབོར་རྒྱུན་མཐུད་ངང་འཕར་སྣོན་བྱུང་ནས། ཟླ9པའི་ཟླ་མཇུག་ཏུ་མི་ཁྲི3103ལ་སླེབས་ཏེ་ན་ནིང་གི་གཞི་ཁྱོན་ལས་བརྒལ་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།