ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ས་གནས་སྲིད་གཞུང་གི་མཉམ་ལས་གླེང་སྟེགས་སྐབས་བཞི་པར་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བརྙན་ལམ་བརྒྱུད་དེ་པེ་ཅིང་དུ་འཚོགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ས་གནས་སྲིད་གཞུང་གི་མཉམ་ལས་གླེང་སྟེགས་སྐབས་བཞི་པར་ཞུགས་ནས་ཤིས་ཚིག་ཕུལ། 

ཟླ11པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བརྙན་ལམ་བརྒྱུད་པེ་ཅིང་དུ་འཚོགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ས་གནས་སྲིད་གཞུང་གི་མཉམ་ལས་གླེང་སྟེགས་སྐབས་བཞི་པར་ཞུགས་ནས་ཤིས་ཚིག་ཕུལ།  

ལི་ཁེ་ཆང་གིས་བསྟན་དོན། ཨ་ཧྥེ་རི་ཁ་ནི་རེ་བ་དང་སྟོབས་ཤུགས་ཀྱིས་ཁེངས་པའི་སྐམ་ས་ཆེན་མོ་ཞིག་ཡིན། དུས་ཡུན་རིང་པོའི་ནང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས་ཐོག་མཐའ་ཀུན་དུ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ནས་སྲ་ཞིང་བརྟན་པའི་མཛའ་བརྩེ་ཟབ་མོ་ཆགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ཡི་ཀྱི་མགོ་ཁྲིད་པར་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་གྲོས་མགོ་བཏོན་པ་རེད། ཕྱོགས་གཉིས་ཀྱིས་ཟོལ་མེད་དང་འདྲ་མཉམ་གྱི་ལྟ་སྟངས་མཐའ་འཁྱོངས་བྱས་ཏེ། མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐུན་མོང་ཐོག་བསྟུན་མཁས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དུང་ཕྱུར27གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་འཆར་འགོད་བྱེད་དགོས།

ལི་ཁེ་ཆང་གིས་བསྟན་དོན།  ཀྲུང་གོས་ཨ་ཧྥེ་རི་ཁའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། ནུས་པས་ལྕོགས་ཚོད་ཀྱིས་ཨ་ཧྥེ་རི་ཁ་ལ་རིམས་འགོག་སྨན་ཁབ་དང་རིམས་འགོག་དངོས་རྫས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐུན་མོང་ཐོག་མི་དམངས་ཀྱི་བདེ་ཐང་སྲ་བརྟན་གྱི་འགོག་སྲུང་འཛིང་རགས་བསྐྲུན་འདོད་ཡོད། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་དཔལ་འབྱོར་གསབ་རེས་རང་བཞིན་ཆེ་བ་དང་ཐོན་ལས་སྐས་རིམ་འབྲེལ་མཐུད་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ། དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་མཉམ་ལས་འབོར་ཚད་དང་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ནས། གྲོང་ཁྱེར་བཅོས་སྐྱོང་དང་དབུལ་པོ་ཉུང་འཕྲི། སྤྱི་ཚོགས་འཛུགས་སྐྲུན། ཞིང་ལས་དེང་རབས་ཅན་སོགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། མཛའ་མཐུན་གྲོང་ཁྱེར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱས་ཏེ། ཐོག་མཐའ་ཀུན་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཐུན་སྒྲིལ་མཉམ་ལས་ཀྱི་མཛའ་མཐུན་སྲོལ་རྒྱུན་མཐའ་འཁྱོངས་བྱས་ཤིང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས།   

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་ཧྥེའི་མཉམ་ལས་ཀྱི་རྩ་བ་མི་དམངས་དང་འབྱུང་ཁུངས་འབྲེལ་འདྲིས་ཡིན། ཀྲུང་ཧྥེའི་ས་གནས་ཀྱི་མཉམ་ལས་ཇི་ཙམ་བྱས་ན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་རྨང་གཞི་དེ་ཙམ་གྱིས་བརྟན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་བར་གྱི་མཛའ་བརྩེ་དེ་ཙམ་གྱིས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ས་གནས་སྲིད་གཞུང་གི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་ཡོད། 

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ས་གནས་སྲིད་གཞུང་གི་མཉམ་ལས་གླེང་སྟེགས་སྐབས་བཞི་པས“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་དེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ས་གནས་སྲིད་གཞུང་གི་མཐུན་སྒྲིལ་མཉམ་ལས་དང་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྲིད་དོན་མི་སྣ་གལ་ཆེན་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྒྲིག་གཞིའི་འགན་འཁུར་བ་སོགས་ཁྱོན་མི300ཙམ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ཚོགས་འདུར་ཞུགས་ཡོད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་པིན་གོང་གསལ་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།