ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ་བཅུ་ཡི་ནང་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད17.8%ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན། གསར་འགོད་པས་ཚོང་དོན་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2021ལོའི་ཟླ1པོ་ནས་ཟླ10བའི་བར། རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར9431.5དངོས་སུ་སྤྱད་པ་དང་། དུས་མཉམ་ལས17.8%འཕར་ཡོད།

ལས་རིགས་ཕྱོགས་ནས་བལྟས་ན། ཞབས་ཞུ་ལས་རིགས་ཐད་ནས་ཕྱི་རྒྱལ་གྱི་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར7525.2དངོས་སུ་སྤྱད་པ་དང་། དུས་མཉམ་ལས20.3འཕར་ཡོད། ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད23.7%འཕར་ཡོད།

ཡོང་ཁུངས་ཕྱོགས་ནས་བལྟས་ན། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མ་དངུལ་དངོས་སུ་གཏོང་ཚད་སོ་སོར30.7%དང29.5%འཕར་ཡོད།

ས་ཁོངས་ཁྱབ་ཚུལ་ཕྱོགས་ནས་བལྟས་ན། རང་རྒྱལ་གྱི་ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད་ས་ཁུལ་གྱི་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་སོ་སོར17.5%དང29.8%། 9%བཅས་འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།