ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥེ་ཅི་ཡི་གསར་བསྐོས་ཙུང་ཐུང་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ལིས་ཡ་མུའུ·ཁ་ཐའོ་ཉི་ཝེ་ལེ་ལ་ཁ་པར་བཏང་ནས། ཁོ་ཧྥེ་ཅི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བསྐོས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཧྥེ་ཅི་རྒྱལ་ཁབ་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་འཛུགས་མཁན་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཐོག་མ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་དྲུག་འཁོར་བའི་རིང་ལ། ཕྱོགས་གཉིས་ཀའི་འབྲེལ་བར་འཕེལ་རྒྱས་མགྱོགས་མྱུར་བྱུང་ནས། རྒྱལ་ཁབ་ཆེ་ཆུང་ཚང་མས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཛའ་མཐུན་མཉམ་ལས་བྱེད་པའི་དཔེ་མཚོན་ལྟ་བུར་གྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། རྒྱལ་ཁབ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དངཕན་ཚུན་རོགས་རེས་བྱས་པས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་མཉམ་ལས་ཉིན་བཞིན་ཇེ་ཟབ་ཏུ་སོང་། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་བྱས་ནས། ཙུང་ཐུང་ཁ་ཐའོ་ཉི་ཝེ་ལེ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་མཛའ་མཐུན་སྤེལ་རེས་དང་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱུ་དང་། རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་མདུན་ལྗོངས་ཡངས་པོ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།