ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་ཁྲིམས་སྐྱོང་ཤེས་བྱ་འབྲིང་རྒྱུགས་དང་མཐོ་རྒྱུགས་ནང་འོས་འཚམས་གྱིས་ཇེ་མང་དུ་གཏོང་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སློབ་གསོ་པུའུ་ཡིས་འཆར་འགོད་པར་འགྲེམས་བྱས་ཏེ་གསལ་བོར་བསྟན་དོན། ①རྩ་ཁྲིམས་རིགས་ཀྱི་སློབ་དེབ་རྩོམ་སྒྲིག་དང་བཟོ་བཅོས་བརྒྱག་པར་སྐུལ་འདེད་དང་། ཞང་ཀང་དང་ཨའོ་མིན་གྱི་ལོ་ཆུང་བྱིས་པར་རྩ་ཁྲིམས་དང་བཅའ་ཁྲིམས་སློབ་གསོ་དར་སྤེལ་དུ་བཏང་ནས། དམངས་དོན་ཁྲིམས་གཞུང་གི་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་དགོས། ② ས་གནས་ཀྱི་སློབ་ཚན་དང་སློབ་གྲྭའི་སློབ་ཚན་ནང་ཆེད་དུ་ཁྲིམས་སྐྱོང་སྐོར་གྱི་སློབ་ཁྲིད་བཀོད་སྒྲིག་བྱེད་པར་སྐུལ་མ་གཏོང་རྒྱུ་དང་། འབྲིང་རྒྱུགས་དང་མཐོ་རྒྱུགས་ནང་འོས་འཚམས་ཀྱིས་ཁྲིམས་སྐྱོང་ཤེས་བྱ་ཁ་སྣོན་བྱ་དགོས། ③ བདེ་འཇགས་དང་དུག་འགོག རྒྱལ་སྲུང་། གནོད་འགོག་གནོད་སེལ་རྒུད་སྐྱོབ་བཅས་དང་འབྲེལ་ནས། སློབ་མར་བརྙས་བཅོས་དང་དྲ་རྒྱའི་བསླུ་བྲིད། མི་ལུས་བཙན་གནོད། མི་འབོར་བསླུ་ཚོང་སོགས་ཀྱི་ཐད་ལ་ཉིན་རྒྱུན་གྱི་དྲིལ་སྒྲོག་སློབ་གསོ་གཏོང་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།