ཞིན་ཧྭ་དྲ་བས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པའི་གློག་བརྙན་གཉིས་ལ་ཀྲུང་གོ་གསར་བརྗེ་གློག་བརྙན་ཐུང་གྲས་སྟོན་ཚོགས་སྐབས་བཞི་བའི་སྟེང“ཆེས་ལེགས་པའི་གློག་བརྙན་ཐུང་གྲས”དང“ཕུལ་བྱུང་བརྩམས་ཆོས“ཀྱི་བྱ་དགའ་ཐོབ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས7ཉིན་ནས་ཚེས8ཉིན་བར། ཞིན་ཧྭ་དྲ་བས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པའི《ཕ་ཡུལ་གྱི་ཟླ་བ་དུང་ལྟར་དཀར》ཞེས་པ་དང《གོས་དཀར་ལྷ་རྗེ》ཞེས་པ་གཉིས་ལ་ཀྲུང་གོ་གསར་བརྗེ་གློག་བརྙན་ཐུང་གྲས་སྟོན་ཚོགས་སྐབས་བཞི་བའི་སྟེང“ཆེས་ལེགས་པའི་གློག་བརྙན་ཐུང་གྲས”དང“ཕུལ་བྱུང་བརྩམས་ཆོས་གཟེངས་རྟགས”ཀྱི་བྱ་དགའ་ཐོབ། ཐེངས་འདིའི་གློག་བརྙན་ཐུང་གྲས་སྟོན་ཚོགས་ནི་ཀྲུང་གོ་གློག་བརྙན་པ་མཐུན་ཚོགས་དང་ཨན་ཧུའེ་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་། ཨན་ཧུའེ་ཞིང་ཆེན་གློག་བརྙན་ཅུའུ། ལིག་ཨན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཨན་ཧུའེ་རླུང་འཕྲིན་བརྙན་འཕྲིན་རྒྱུད་སྤེལ་ཐོན་ལས་སྡེ་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་རེད།

《ཕ་ཡུལ་གྱི་ཟླ་བ་དུང་ལྟར་དཀར》ཞེས་པ་དེ་ནི་ཞིན་ཧྭ་དྲ་བ་དང་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གཉིས་ཀྱིས་མཉམ་དུ་བཟོས་ཤིང་། ཞིན་ཧྭ་དྲ་བའི་སྨྱན་བྱད་གསར་འཆར་ལས་ཤག་ཁང་དང་ཨན་ཧུའེ་ཡན་ལག་ཀུང་སིས་ཇུས་འགོད་ཕབ་སྐྲུན་བྱས་པ་ཡིན། དེ་ནང་མིང་དུ་གྲགས་པའི་དངོས་ལུགས་རིག་པ་བ་ཆན་ལིན་ཀྲའོ་ཡི་རྒྱལ་གཅེས་སློབ་གཅེས་ཀྱི་སེམས་འགུལ་ཐེབས་པའི་འདས་དོན་གླེང་སྟེ། ཚན་རིག་ཆེད་མཁས་པ་རྒན་པ་དག་གི་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྤོབས་དང་དཔེ་ཁྲིད་མི་སྐྱོང་གི་བསམ་བློ། རྒྱལ་ཁབ་ལ་བཅངས་བའི་བརྩེ་སེམས་བཅས་ཞིབ་བརྗོད་བྱས་ཡོད། 

《གོས་དཀར་ལྷ་རྗེ》ཞེས་པ་དེ་ནི་ཞིན་ཧྭ་དྲ་བ་དང་ཞིན་ཧྭ་གསར་འགྱུར་ཁང་ཨན་ཧུའེ་ཡན་ལག་ཁང་། ལུའེ་ཏི་སྡེ་ཚོགས་བཅས་ཀྱིས་མཉམ་དུ་བཟོས་པ་ཡིན། དེའི་ནང་རིམས་ནད་འགོག་སྲུང་སྐབས་ཀྱི་དོན་དངོས་རྣམས་གཞི་བྱས་ཏེ། རིམས་ནད་འགོག་སྲུང་གི་གཏམ་རྒྱུད་རེ་རེ་གླེང་བ་བརྒྱུད་ལས་ཡུལ་དང་པོ་རུ་ཡོད་པའི་སྨན་བཅོ་མི་སྣ་དག་གི་ཞུམ་མེད་ཀྱི་སྤོབས་པ་དང་བརྩེ་སེམས་དྲོན་མོ་རྣམས་ཞིབ་བརྗོད་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།