ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཟླ10པའི་ནངCPIདུས་མཉམ་ལས1.5%འཕར་འདུག་ཅེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས10ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་བསྒྲགས་པའི་གཞི་གྲངས་ལྟར་ན། ཟླ10པའི་ནང་རྒྱལ་ཡོངས་ཀྱི་སྡོད་དམངས་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)ན་ནིང་གི་དུས་མཉམ་ལས1.5%ཡར་འཕར་ཞིང་། འཕར་ཚད་དེ་ཟླ་སྔོན་མ་ལས་བརྒྱ་ཆའི་ཚེག0.8འཕར་ཡོད། དེའི་ཁྲོད། ཕག་ཤའི་རིང་གོང་དུས་མཉམ་ལས44.0%མར་ཆགས་ཤིང་། མར་ཆགས་ཚད་བརྒྱ་ཆའི་ཚེག2.9དང་། སྔོ་ཚལ་ཀྱི་རིན་གོང་ཟླ་སྔོན་མའི་ནང2.5%མར་ཆགས་པ་ནས་ཟླ་འདིའི་ནང15.9%ཡར་འཕར། ཉ་ཤ་དང་སྒོ་ང་། བཟའ་སྣུམ་བཅས་ཀྱི་རིན་གོང་སོ་སོ18.6%དང14.3%། 9.3%བཅས་ཡར་འཕར་ཡོད་པ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།