ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གིས་ཟླ11པའི་ཚེས12ཉིན་གྱི་སྔ་དྲོའི་ཆུ་ཚོད10སྟེང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ངོ་སྤྲོད་བྱ་རྒྱུ་རེད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་མི་དམངས་དྲ་བ། ཞིན་ཧྭ་དྲ་བ། ཀྲུང་གོ་དྲ་བ་སོགས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐད་གཏོང་བྱ་རྒྱུ་རེད། །