ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ10རིང་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་དུས་མཉམ་ལས22.2%འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་སྒོ་ཁྲལ་སྤྱི་ཁྱབ་ལས་ཁུངས་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ་སྔོན་མ10རིང་། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་ཁྲི31.67ལ་སླེབས་ཤིང་། དུས་མཉམ་ལས22.2%འཕར་ལ། 2019ལོའི་དུས་མཉམ་ལས23.4%འཕར་ཡོད། དེའི་ནང། ཕྱིར་གཏོང་གི་སྤྱི་འབོར་སྒོར་དུང་ཕྱུར་ཁྲི17.49དང་དུས་མཉམ་ལས22.5%འཕར་བ་དང་། 2019ལོའི་དུས་མཉམ་ལས25%འཕར་ཡོད། ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་ཁྲི14.18དང་དུས་མཉམ་ལས21.8%འཕར་བ་དང་། 2019ལོའི་དུས་མཉམ་ལས21.4%འཕར་ཡོད། ཟླ10བར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་ཁྲི3.34དང་དུས་མཉམ་ལས17.8%འཕར་བ་དང་། 2019ལོའི་དུས་མཉམ་ལས23%འཕར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།