ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ཧྲང་ཧེ་མཱ་ལ་སུང་འགྲན་བསྡུར་ཕྱིར་འགྱངས་བྱས་ནས་སྤེལ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས9ཉིན། གསར་འགོད་པས་ཧྲང་ཧེ་མཱ་ལ་སུང་གཞུང་ཕྱོགས་དྲ་བ་ལས་རྒྱུས་ལོན་པ་ལྟར་ན། མིག་སྔའི་རིམས་ནད་གནས་ཚུལ་ལ་དམིགས་ནས་ཟླ11པའི་ཚེས28ཉིན་བསྡུ་འཆར་ཡོད་པའི2021ལོའི་ཧྲང་ཧེ་མཱ་ལ་སུང་འགྲན་བསྡུར་ཕྱིར་འགྱངས་བྱས་ནས་སྤེལ་རྒྱུ་ཡིན་ལ། དུས་ཚོད་སོགས་ཞིབ་རྒྱས་གནས་ཚུལ་རྗེས་ནས་བརྡ་སྦྱོར་གཏང་རྒྱུ་རེད། 

གཙོ་སྒྲུབ་ལས་ཁུངས་ཀྱིས་བསྟན་དོན། ད་ལོའི་རིམས་ནད་ཀྱི་དབང་གིས་འགྲན་བསྡུར་ཕྱིར་འགྱངས་བྱས་པ་ལས་དུས་ལྟར་ཞུགས་མི་ཐུབ་པའི་འགྲན་ཞུགས་པ་རྣམས་ཀྱིས་དེ་རིང་ནས་བཟུང་མཱ་ལ་སུང་གཞུང་ཕྱོགས་དྲ་བའམ་མཱ་ལ་སུང་གཞུང་ཕྱོགསAppསྟེང་གི་མི་སྒེར་ལྟེ་གནས་ནས་འགྲན་ཞུགས་ཐོ་དབང2022ཧྲང་ཧེ་མཱ་ལ་སུང་འགྲན་བསྡུར་ནང“སོར་འཇོག”བྱ་རྒྱུའམ་མིང་ཐོ་འགོད་དངུལ་ཕྱིར་སློག་པར་ཡར་ཞུ་ཞུས་ཚེ། ཉིན7ནང་སྔོན་ལ་མིང་ཐོ་འགོད་དུས་མ་དངུལ་སྐུར་ཡོང་སའི་རྩིས་ཐོ་བརྒྱུད་དེ་ཕྱིར་སློག་ངེས་ཡིན།  འགྲན་བསྡུར་ཕྱིར་འགྱངས་བྱས་ཀྱང་དུས་ལྟར་ཞུགས་ཐུབ་མཁན་ཚོས་ཁ་ཡ་ཅི་ཡང་བྱེད་མི་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།