ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐབས་བརྒྱད་པའི་ཀུན་སྤྱོད་དཔེ་ལེགས་ཅན་དང་མིང་འདོན་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ལྔ་ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། རྒྱལ་ཡོངས་ཀྱི་སྐབས་བརྒྱད་པའི་ཀུན་སྤྱོད་དཔེ་ལེགས་ཅན་དང་དེའི་མིང་འདོན་བྱ་དགའ་ཐོབ་མཁན་ལ་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད། ཁོ་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཐེངས་འདིའི་མཇལ་འཕྲད་ལ་ཞུགས་ཏེ། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

སྔ་དྲོའི་ཆུ་ཚོད་བཅུ་གཅིག་སྟེང་ཞི་ཅིན་ཕིང་སོགས་མགོ་ཁྲིད་རྣམས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མའི་ནང་ཕེབས་མ་ཐག  ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁྱབ།  ཞི་ཅིན་ཕིང་སོགས་མགོ་ཁྲིད་རྣམས་འཐུས་མི་ཚོའི་ཁྲོད་ཕེབས་ཏེ་ཚང་མ་དང་མཉམ་དུ་བྱམས་བརྩེའི་ངང་བསམ་ཚུལ་བརྗེ་རེས་མཛད།  ཞི་ཅིན་ཕིང་སོགས་ཀྱིས་ཚང་མ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན།

ཚེས་ལྔ་ཉིན་གྱི་ཕྱི་དྲོར་འཚོགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་དུ། ཝང་ཧུའུ་ཉིང་གིས་གཏམ་བཤད་དེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་དང་མིང་འདོན་བྱ་དགའ་ཐོབ་མཁན་ལ་བརྩེ་བའི་མཇལ་འཕྲད་གནང་བ་ལས། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུན་སྤྱོད་འཛུགས་སྐྱོང་ལ་མཐོང་ཆེན་བླ་མེད་གནང་བ་དང་ཀུན་སྤྱོད་དཔེ་ལེགས་ཅན་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་ཁུར་གནང་བ་མཚོན་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུའི་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། དུས་རབས་གསར་པའི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་ལ་རྒྱས་བཤད་གཏིང་ཟབ་གནང་སྟེ། ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཀུན་སྤྱོད་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཀུན་སྤྱོད་དཔེ་ལེགས་ཅན་གྱི་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀུན་སྤྱོད་དཔེ་ལེགས་ཅན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་ཡག་པོ་འཆད་པ་དང་། ཀུན་སྤྱོད་དཔེ་ལེགས་ཅན་གྱི་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་ལག་ལེན་བྱས་ནས། ཀུན་སྤྱོད་དཔེ་ལེགས་ཅན་ལ་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས། དུས་རབས་གསར་པའི་ཀུན་སྤྱོད་འཛུགས་སྐྱོང་གང་ལེགས་བྱས་ནས། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་པ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ཕུལ་བྱུང་རིག་གནས་ཀྱིས་མི་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ། ཀུན་སྤྱོད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ལ་ཤུགས་སྣོན་པ་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་ཡར་བརྩོན་དགེ་སྒྲུབ་ཀྱི་དྲང་ཕྱོགས་ནུས་པ་ཟམ་མི་ཆད་པར་འཕེལ་བར་བྱེད་དགོས། ཏང་གི་མགོ་ཁྲིད་ལ་ཤུགས་བསྣན་བརྒྱབ་ནས། ཀུན་སྤྱོད་འཛུགས་སྐྱོང་ལ་མཉམ་དུ་དམ་འཛིན་དང་དོ་དམ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

ཏེན་ཞུའེ་ཞང་མཇལ་འཕྲད་ལ་ཞུགས། སུན་ཁྲུན་ལན་མཇལ་འཕྲད་ལ་ཞུགས་ནས་གཟེངས་བསྟོད་གཏན་འབེབས་སྒྲོག་འདོན་བྱས། ཧོང་ཁུན་མེན་མཇལ་འཕྲད་ལ་ཞུགས་པར་མ་ཟད་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།