ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུར་མགོ་འཛིན་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་ཀྲིན་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུར་མགོ་འཛིན་གནང་སྐབས། རིམས་ནད་སྔོན་འགོག་ཚོད་འཛིན་དེ་འབུར་ཐོན་གནས་བབ་ཐོག་བཞག་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། སྤུས་ཚད་མཐོ་བའི་གྲ་སྒྲིག་ལས་འགན་ལེགས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཧན་ཀྲིན་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུར་མགོ་འཛིན་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ནས་འགྲན་སྡུར་གྱི་འཁོར་སྐྱོད་བཀོད་འདོམས་མ་ལག་མགོ་བཙུགས་པ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་བཀོད་སྒྲིག་གི་གཙོ་གནད་ལས་འགན་ལ་ཞིབ་འཇུག་བྱས། 

ཧན་ཀྲིན་གྱིས་བསྟན་དོན། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་བདེ་བླག་ངང་སྤེལ་བ་དེས། དུས་བཀག་ལྟར་འགྲན་ཚོགས་གཉེར་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུག་གི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་སྟེ། དུས་བཀག་ལྟར་འགྲན་ཚོགས་གཉེར་བའི་དམིགས་ཚད་ལ་གཞིགས་ཤིང་། “སྟབས་བདེ། བདེ་འཇགས། ངོ་མཚར་ཆེ་བ”བཅས་ཀྱི་འགྲན་བསྡུར་གཉེར་བའི་བླང་བྱ་ལྟར། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་འབུར་ཐོན་གནས་བབ་ཐོག་བཞག་སྟེ། ལས་དོན་ཁག་ཞིབ་ཕྲའི་ངང་དོན་འཁྱོལ་བྱེད་པ་དང་། གྲ་སྒྲིག་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱེད་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཧན་ཀྲིན་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚོགས་མགོ་འཛིན་གནང་།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། འགྲན་ཚོགས་ཀྱི་འཁོར་སྐྱོད་བཀོད་འདོམས་མ་ལག་ཁྱོན་ཡོངས་ནས་སྤྱོད་མགོ་ཚུགས་ཡོད། དགུན་དུས་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ནས་འགྲན་ཚོགས་འཁོར་སྐྱོད་བྱེད་ནུས་ཆེ་བ་དང་གོ་རིམ་ལྡན་པ་ཞིག་ཡོང་བར་འགན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་མོ་བྱས་ཏེ། དགུན་དུས་ཨོ་རྩལ་འགྲན་ཚོགས་དང་གཙོ་གཉེར་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྱོན་ཡོངས་ནས་མཉམ་འདྲེས་དང་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། འབྲེལ་ཡོད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་སྔར་བས་འཐུས་ཚང་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་འགྲན་ཚོགས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། འགྲན་རའི་འཛུགས་སྐྲུན་དང་འཁོར་སྐྱོད་ལས་དོན་ཡག་པོར་བསྒྲུབས་ནས། སྤུས་ལེགས་ཞབས་ཞུའི་འགན་ལེན་མཁོ་འདོན་བྱས་ཏེ། གྲོང་ཁྱེར་གྱི་འཁོར་སྐྱོད་འགན་ལེན་ལས་དོན་ཡག་པོར་སྒྲུབ་དགོས། མུ་མཐུད་དུ་རྒྱལ་སྤྱིའི་ཚོད་ལྟའི་འགྲན་བསྡུར་ཡག་པོར་སྤེལ་ནས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚད་གཞི་ལྟར་ཆ་རྐྱེན་ཧྲིལ་པོའི་ཚད་ལེན་ཚོད་ལྟ་བྱས་ཏེ། འགྲན་བསྡུར་དང་འབྲེལ་མཐུད་བརྗེ་སྒྱུར་གྱི་ལས་དོན་ཡག་པོར་སྒྲུབ་དགོས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དམག་གྲབས་ལ་ནན་འཛིན་ཡག་པོ་བྱས་ཏེ། “ཐར་པ་གཅིག་ཀྱང་མེད་པའི”རྣམ་འགྱུར་གྱིས་ངར་སྐྱེད་སྨན་ལ་ངོ་རྒོལ་གྱི་ལས་དོན་ཡག་པོར་སྒྲུབ་དགོས། དྲིལ་སྒྲོག་ཁྱབ་གདལ་དང་རིག་གནས་བྱེད་སྒོ་ཡག་པོར་སྤེལ་ནས། མེ་སོན་འགྲེམས་སྟོན་དང་། དཔལ་འབར་བརྒྱུད་སྤྲོད། མགོ་ཚུགས་མཇུག་འགྲིལ་མཛད་སྒོ་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་འགན་ལེན་བཅས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། ཕྱོགས་སོ་སོའི་ལས་དོན་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་མཐུན་སྦྱོར་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་གཞོན་པ་སུན་ཁྲུན་ལན་དང་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས24པའི་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།