ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས2021ལོའི་པའེ་ཝེ་ཐན་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་གླེང་སྟེགས་ལ་ཤིས་ཚིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2021ལོའི་པའེ་ཝེ་ཐན་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་གླེང་སྟེགས་ལ་ཤིས་ཚིག་སྤྲིངས། 

ཞི་ཅིན་ཕིང་གིས་བསྟན་དོན།  མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ནི་རྒྱལ་སྤྱིའི་ཉོ་ཚོང་འཕེལ་རྒྱས་ཀྱི་འགན་སྲུང་གཙོ་བོ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་བར་མཛའ་བརྩེ་འགྲོ་འོང་གི་འབྲེལ་ཟམ་གལ་ཆེན་ཡིན།  གོ་ལ་ཧྲིལ་བོར་པྲོག་གསར་གློ་ཚད་རིམས་ཀྱིས་ཡོངས་སུ་མཆེད་པའི་གནས་ཚུལ་འོག མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ཀྱིས་གོ་ལ་ཧྲིལ་བོར་རིམས་ནད་འགོག་རྒོལ་དང་། ཉོ་ཚོང་སླར་གསོ་འབྱུང་བར་སྐུལ་སྤེལ། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་བརླིང་ངང་རྒྱུན་སྐྱོང་ཐུབ་པར་ནུས་པ་གང་ལེགས་བཏོན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་དུས་ངལ་མཉམ་སེལ་དང་། ལྗང་མདོག་དང་ཐཱན་ཉུང་། རིག་ནུས་བཅས་ཀྱི་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ཀྱི་འཕེལ་ཕྱོགས་གསར་པ་དང་བསྟུན་པ།  རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ནུས་ཤུགས་ཡོད་རྒུས་གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་སླར་གསོ་དང་ཤར་བགྲོད་ཐུབ་པར་འགན་སྲུང་བྱེད་པ། རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་བྱས་རྗེས་འབུལ་དགོས།

2021པའེ་ཝེ་ཐན་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་གླེང་སྟེགས་ཚེས4ཉིན་ཧྲང་ཧེ་གྲོང་ཁྱེར་དུ་འཚོགས་མགོ་ཚུགས་ཤིང་། “སྒོ་འབྱེད་དང་བཟོད་སྒོམ། གསར་གཏོད་དང་བཅོས་སྒྱུར། མཉམ་ལས་དང་གཉིས་ཕན། ——འབྱུང་འགྱུར་ལ་ཕྱོགས་པའི་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་དང་སྒྲིག་གཞི་བསྐྱར་འཛུགས”ཞེས་པ་བརྗོད་དོན་གཙོ་བོ་རེད།  ཐེངས་འདིའི་གླེང་སྟེགས་ནི་ཧྲང་ཧེ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།