ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་དོན་གཅིག་ཡར་ཞུ་བྱས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་དོན་གཅིག་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་། ནད་པ་བཅུ་བདུན་ཕྱི་ནས་མཆེད་པ་ཡིན་ལ།   དེའི་ཁྲོད་ཀྱི་ནད་པ་བཞི་ནད་རྟགས་མི་མངོན་པའི་ནད་པ་ནས་ནད་རྟགས་ངོས་བཟུང་བའི་ནད་པར་གྱུར། རང་ས་གནས་ཀྱི་ནད་པ་ང་བཞི་ཡོད་ཅིང་། དེའི་ཁྲོད་ཀྱི་ནད་པ་ལྔ་ནད་རྟགས་མི་མངོན་པའི་ནད་པ་ནས་ནད་རྟགས་ངོས་བཟུང་བའི་ནད་པར་གྱུར། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་དུས་ཚོད་ཉེར་བཞིའི་བར་དུ། ད་ཡོད་ངོས་བཟུང་བའི་ནད་པ་ཁྱོན་བསྡོམས་དགུ་བརྒྱ་བཅུ་གཉིས་ཡོད། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བར་དུ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་འགོག་སྨན་ཐེངས་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་བདུན་ས་ཡ་དགུ་འབུམ་བཞི་ཁྲི་གཉིས་སྟོང་གཉིས་བརྒྱབ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།