ཀྲུང་གོ་བོད་ཀྱི་དྲ་བ།

ཟླ11པའི་ཚེས2ཉིན་གྱི་ཆུ་ཚོད24བར་གྱི་པྲོག་གསར་གློ་ཚད་རིམས་ནད་གྱི་གནས་ཚུལ་གསར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས2ཉིན་གྱི་ཆུ་ཚོད0ནས་ཆུ་ཚོད24བར་དུ་ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར།)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པར་གཞིགས་ན་པྲོག་གསར་ནད་པ109གསར་སྣོན་བྱུང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ16(ཧྲང་ཧའེ་རུ5དང་ཀོང་ཏུང་དུ4། ཡུན་ནན་དུ2། ལེའོ་ཉིང་དུ1། ཀྲེ་ཅང་དུ1། ཧྲན་ཏུང་དུ1། ཀོང་ཞི་རུ1། སི་ཁྲོོན་དུ1བཅས)ཡོད་ལ། ནད་རྟགས་མེད་པའི་ནད་པ3(ལེའོ་ཉིང་དང་ཀྲེ་ཅང་། སི་ཁྲོན་བཅས་སོ་སོར1རེ)ཡོད།  རང་སའི་ནད་པ93(ཧེ་ལུང་ཅང་དུ35ཡོད་ལ་ཚང་མ་ཧེ་ཧི་གྲོང་ཁྱེར་དུ་ཡོད། ཧོ་པེ་རུ14དང་ཚང་མ་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་ཡོད། ཀན་སུའུ་ཞིང་ཆེན་དུ14ཡོད་ལ། དེའི་ནང་ཐེན་ཧྲོས་གྲོང་ཁྱེར་དུ13དང་ལན་ཀྲོའུ་གྲོང་ཁྱེར་དུ1ཡོད། པེ་ཅིང་དུ9དང་ཚང་མ་ཁྲང་ཕིན་ཁུལ་དུ་ཡོད། ནང་སོག་ཏུ6དང་ཚང་མ་ཨ་ལ་ཧྲན་དུ་ཡོད། ཁྲུང་ཆིང་དུ4ཡོད་ལ་དེའི་ནང་ཅིའུ་ལུང་ཕའོ་ཁུལ་དུ2དང་པ་ནན་ཁུལ་དུ1། ཁྲང་ཧྲོའུ་ཁུལ་དུ1ཡོད། མཚོ་སྔོན་དུ4དང་ཚང་མ་ཟི་ལིང་གྲོང་ཁྱེར་དུ་ཡོད། ཅང་ཞི་ཞིང་ཆེན་དུ2དང་གཉི་ཀ་ཧྲང་རའོ་གྲོང་ཁྱེར་དུ་ཡོད། ཡུན་ནན་ཞིང་ཆེན་དུ2དང་གཉི་ཀ་ཏེ་ཧུང་ཏའེ་རིགས་ཅིན་ཕའོ་རིགས་རང་སྐྱོང་ཁུལ་དུ་ཡོད། ཉིན་ཞ་རུ2དང་གཉི་ཀ་དབྱིན་ཁྲོན་གྲོང་ཁྱེར་དུ་ཡོད། སི་ཁྲོན་ཁྲིན་ཏུའུ་རུ1ཡོད)ཡོད་པ་དང་། དེའི་ནང་ནད་རྟགས་མེད་པའི་ནད་པ1(པེ་ཅིང)ཡོད། ཤི་བའི་ནད་པ་མེད་ལ། པྲོག་གསར་ནད་གཞི་དང་འདྲ་བའི་ནད་པ1ཇེ་མང་དུ་སོང་ལ། དེ་ནི་ཕྱི་ནས་མཆེད་པ(ཧྲང་ཧའེ)ཡིན།

ཉིན་དེར་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ21ཡོད་པ་དང་། གསོ་རིག་གི་ལྟ་ཞིབ་ལས་གྲོལ་བའི་འབྲེལ་འདྲེས་ཟབ་པའི་མི2505ཡོད་ལ། ནད་གཞི་ལྕི་མོ་ཕོག་མཁན་ཉིན་སྔོན་མ་ལས2ཇེ་མང་དུ་སོང་ཡོད།

ཕྱི་ནས་མཆེད་པའི་ནད་པ་ད་ལྟ377ཡོད་པ་དང་པྲོག་གསར་ནད་གཞི་དང་འདྲ་བའི་ནད་པ3ཡོད། བསྡོམས་པས་གཏན་འཁེལ་བྱས་པའི་ནད་པ9670དང་བསྡོམས་པས་ནད་བཅོས་ལས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་བུད་པ9293ཡོད་ལ་ཤི་བའི་ནད་པ་མེད།

ཟླ11པའི་ཚེས2ཉིན་གྱི་ཆུ་ཚོད24བར་དུ། ཞིང་ཆེན(རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར།)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པར་གཞིགས་ན། ད་ལྟ་པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ1000ཡོད་པ་དང་། བསྡོམས་པས་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ91787ཡོད། བསྡོམས་པས་ཤི་བའི་ནད་པ4636དང་། ནད་རྟགས་ཐག་བཅད་པའི་ནད་པ་བསྡོམས་པས97423ཡོད། ད་ལྟ་པྲོག་གསར་ནད་གཞི་དང་འདྲ་བའི་ནད་པ3ཡོད། བསྡོམས་པས་རྗེས་འདེད་བྱས་པའི་འབྲེལ་འདྲེས་ཟབ་པའི་མི1262122ཡོད་ལ། སྔར་བཞིན་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་འབྲེལ་འདྲེས་ཟབ་པའི་མི39716ཡོད།

ཞིང་ཆེན(རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར།)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་སྙན་ཞུ་བྱས་པའི་ནད་རྟགས་མེད་པའི་ནད་པ19ཇེ་མང་དུ་སོང་ཡོད་ལ། དེའི་ནང་ཕྱི་ནས་མཆེད་པའི་ནད་པ8དང་རང་སའི་ནད་པ11(ཅང་ཞི་ཧྲང་ཧའོ་གྲོང་ཁྱེར་དུ7དང་ཁྲུང་ཆིང་དུ2། ཧེ་ལུང་ཅང་དུ1། སི་ཁྲོན་དུ1བཅས)ཡོད། ཉིན་དེར་པྲོག་གསར་གློ་ཚད་ཀྱི་ནད་པར་གཏན་འཁེལ་བྱས་པ་མི4དང་། ཉིན་དེར་གསོ་རིག་ལྟ་ཞིབ་ལས་གྲོལ་བའི་མི23ཡོད། སྔར་བཞིན་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་ནད་རྟགས་མེད་པའི་ནད་པ384ཡོད།

ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ས་ཁུལ་གྱིས་སྙན་ཞུ་བྱས་པའི་ནད་པ་བསྡོམས་པས28847དང་། དེའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ12349(སྨན་ཁང་ལས་བུད་པའི་ནད་པ12034དང་ཤི་བའི་ནད་པ213ཡོད)དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ77(སྨན་ཁང་ལས་བུད་པའི་ནད་པ75ཡོད)། ཐའེ་ཝན་ས་ཁུལ་དུ་ནད་པ16421(སྨན་ཁང་ལས་བུད་པའི་ནད་པ13742དང་ཤི་བའི་ནད་པ847ཡོད)བཅས་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།