ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས1ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ། བརྙན་ལམ་ནས་ཐེ་ལན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་གྲོས་ཁང་གོང་མའི་གྲོས་དཔོན་ཕུང་ཕེ་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས1ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་ནས་ཐེ་ལན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་གྲོས་ཁང་གོང་མའི་གྲོས་དཔོན་ཕུང་ཕེ་ལ་མཇལ་འཕྲད་གནང་།
ཝང་དབྱང་གིས་བཤད་རྒྱུར། ཀྲུང་ཐེ་རྒྱལ་ཁབ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་དང་། རྒྱལ་ཁབ་གཉིས་བར་ཕན་ཚུན་ལྟ་སྐྱོང་བྱེད་པའི་སྤུན་ཟླའི་མཛའ་བརྩེ་ཟབ་ཡོད་ལ། ཐུན་མོང་གི་ཁེ་ཕན་ཟབ་ཅིང་རྒྱ་ཆེ་བ་ཡོད། ཀྲུང་གོས་ཐེ་ལན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཤིང་། འཐབ་ཇུས་འབྲེལ་གཏུག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། སྤྱི་ཚོགས་རིག་གནས་ཀྱི་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཐེའི་འབྲེལ་བ་སྤུས་ཚད་མཐོ་བ་དང་མྱུར་ཚད་མགྱོགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཐེ་ལན་གྱི་གྲོས་ཁང་གོང་མར་འགྲོ་འོང་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་འདོད་ཡོད།
ཕུང་ཕེ་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་བླངས་པའི་གྲུབ་འབྲས་རླབས་པོ་ཆེར་ཚད་མཐོའི་བསྔགས་བརྗོད་གནང་། ཁོང་གིས་བཤད་རྒྱུར། ཐའེ་ལན་གྲོས་ཁང་གོང་མས་ཐེ་ཀྲུང་མཛའ་མཐུན་ལ་རྒྱབ་སྐྱོར་བྱས་ནས། མུ་མཐུད་དུ་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་དང་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཐེ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཁྲེན་ཞོ་ཀོང་དང་ལི་པིན་མཇལ་འཕྲད་ལ་ཞུགས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ཝང་དབྱང་གིས་ཐེ་ལན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་གྲོས་ཁང་གོང་མའི་གྲོས་དཔོན་ཕུང་ཕེ་ལ་མཇལ་འཕྲད་གནང་།