ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ《དམག་དཔུང་གི་སྒྲིག་ཆས་མངག་ཉོའི་གཏན་འབེབས》ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ། 《དམག་དཔུང་གི་སྒྲིག་ཆས་མངག་ཉོའི་གཏན་འབེབས》ཁྱབ་བསྒྲགས་གནང་ཞིང་། 2021ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།

《གཏན་འབེབས》ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་པ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་པ། དམག་གྲབས་གཡུལ་འགྱེད་ལ་ཕྱོགས་ཡོངས་ནས་དམིགས་པ། སྒྲིག་ཆས་མངག་ཉོའི་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་གསར་པའི་འོག་གི་སྒྲིག་ཆས་མངག་ཉོའི་ལས་དོན་གྱི་གཞི་རྩའི་རྩ་དོན་དང་གཞི་རྩའི་ལས་འགན། གཞི་རྩའི་ནང་དོན། དོ་དམ་ལམ་ལུགས་ཚད་ལྡན་བྱས་ཡོད་ཅིང་། དེ་ནི་དམག་དཔུང་གི་སྒྲིག་ཆས་མངག་ཉོའི་བྱ་བའི་གཞི་རྩའི་ཁྲིམས་སྲོལ་ཡིན།  

《གཏན་འབེབས》ལ་ཁྱོན་ལེའུ8དང་དོན་ཚན42ཡོད་ཅིང་། དམག་དོན་ཨུ་ཡོན་ལྷན་ཁང་གྱིས་སྤྱི་ཁྱབ་དོ་དམ་དང་ འཐབ་ཁུལ་གྱིས་དམག་འཐབ་གཙོ་བོར་བྱེད་པ། དམག་རིགས་ཀྱིས་འཛུགས་སྐྲུན་གཙོ་བོར་བྱེད་པ་བཅས་ཀྱི་སྤྱིའི་རྩ་དོན་ལ་གཞིགས་ནས། དམག་དཔུང་གི་སྒྲིག་ཆས་མངག་ཉོ་བྱ་བའི་དོ་དམ་ནང་རྐྱེན་ཚད་ལྡན་དུ་གཏང་དགོས། འཐབ་འཛིང་གིས་འཛུགས་སྐྲུན་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ། གཡུལ་འཐབ་ནུས་པ་མགྱོགས་མྱུར་ངང་ཆགས་པར་འགན་སྲུང་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཁ་གསལ་བཟོ་དགོས། དམག་དཔུང་གི་དེང་རབས་ཅན་གྱི་དོ་དམ་འདུ་ཤེས་ལག་བསྟར་བྱས་ཏེ། སྒྲིག་ཆས་མངག་ཉོ་བྱ་བའི་དགོས་མཁོ་དང་འཆར་འགོད་འཆར་གཞི། འཛུགས་སྐྲུན་རྣམ་གྲངས་འཛུགས་པ། གན་རྒྱ་འཇོག་པ། ལྟ་སྐུལ་ལག་བསྟར་བཅས་ཀྱི་དོ་དམ་གོ་རིམ་འཐུས་ཚང་དུ་གཏོང་དགོས། སྒྲིག་ཆས་འཛུགས་སྐྲུན་ལ་བཀག་རྒྱ་བཟོ་བའི་འགལ་ཟླའི་གནད་དོན་སེལ་ཏེ། སྤུས་ཚད་གོང་དུ་འཇོག་པ་དང་། འགྲན་རྩོད་ལས་བཟང་ལེགས་འདེམས་པ། ལེགས་ཞིབ་ལས་ཕྱོད་ཆེ། ལྟ་སྐུལ་དོ་སྙོམ་ཡིན་པའི་བྱ་བའི་ལམ་ལུགས་འཛུགས་དགོས། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།