ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཞིང་ཆེན16གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོ་དངུལ་ཇེ་མཐོར་བཏང་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས27ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ་རྒྱལ་ཡོངས་སུ་ཞིང་ཆེན16གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་རྒན་གསོའི་འགན་བཅོལ་ཞིང་ཆེན་རིམ་པའི་རྨང་གཞིའི་རྒན་གསོ་དངུལ་ཇེ་མཐོར་བཏང་ཡོད་ཅིང་། ཧྲང་ཧའེ་དང་པེ་ཅིང་། བོད་ལྗོངས། ཀྲེ་ཅང་། ཅང་སུའུ། ཀོང་ཞི། ནག་སོག ཉིང་ཞ། ཞིན་ཅང་། ཅང་ཞི། ཀན་སུའུ། ཅི་ལིན། ཧྲན་ཏུང་། ཧུའུ་པེ། ཨན་ཧུའེ། ཧེ་ནན་སོགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་ཁྲི7209ལ་ཕན་ཐོགས་ཡོད་ཅིང་། ཟླ་རེར་ཆེས་མཐོ་བ་སྒོར100རེ་ཇེ་མཐོར་སོང་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།