​ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལི་མ་ལ་ཕེ་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལི་གསར་པ་མ་ལ་ཕེ་ལ་ཁ་པར་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར45སོང་རིང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་འབྲེལ་བ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཤིང་། ལྷོ་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས། ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་འབྲེལ་བ་དེ་ཆེ་ཆུང་མི་འདྲ་ལ་སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་ཞི་བདེ་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་གྱི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་ལ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་མུ་མཐུད་དུ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་མི་ལྡན་པའི་དཔལ་འབྱོར་ལག་རྩལ་གྱི་རོགས་སྐྱོར་བྱས་ནས། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་སྣ་ཚོགས་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། དབུལ་འཕྲི་དང་། ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་སོགས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་གྲུབ་འབྲས་སྔར་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་དགོས།  

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་དུ་ཤུགས་རྐྱེན་གལ་ཆེན་ལྡན། ཀྲུང་གས་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་བྱས་ནས། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་ཕྱོགས་མང་འདུ་འཛོམས་བྱ་ཡུལ་དུ་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། ཧུར་ཐག་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དོན་འཁྱོལ་བྱེད་པ། ཕྱོགས་མང་རིང་ལུགས་དངོས་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོབ་བཅས་བྱེད་དགོས། 

མ་ལ་ཕེ་ཡིས་བསྟན་དོན། ལོ45ཡི་སྔོན་དུ། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཁྲོད་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པས་ཐོག་མར་ཀྲུང་གོ་གཅིག་ལ་ཁས་ལེན་བྱས་པ་ཡིན། ལོ45ཡི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོས་དུས་ཡུན་རིང་པོར་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རྒྱབ་སྐྱོར་བྱས་པ་དང་། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་རམ་རྩ་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ། ཀྲུང་གོ་ནི་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ལྷག་བསམ་ཟོལ་མེད་ཀྱི་རོགས་ཟླ་དང་། བློས་འགེལ་ཆོག་པའི་གྲོགས་པོ་ཡིན། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པས་ཀྲུང་གོའི་མཛའ་མཐུན་འབྲེལ་བར་གཅེས་འཛིན་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་བླ་ན་མེད་པའི་གོ་ལ་ཧྲིལ་པོའི་མགོ་ཁྲིད་པའི་ནུས་པར་ཡིད་སྨོན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པས་མུ་མཐུད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་རྒྱུ་ཡིན་ལ། ཀྲུང་གོས་དབུལ་འཕྲི་དབུལ་སྐྱོར་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་ཆེར་བཏང་སྟེ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཁེ་ལས་སྔར་བས་མང་བ་ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པར་མ་འཇོག་མཉམ་ལས་བྱེད་པར་ཡོང་བར་དགའ་བསུ་ཞུ། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།