ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་རྒྱལ་ཁབ106དང་རྒྱལ་སྤྱིའི་རྩ་འཛུགས13ལ་རིམས་འགོག་སྨན་ཁབ་དུང་ཕྱུར15མཁོ་སྤྲོད་བྱས་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་ལུའོ་ཀྲའོ་ཧུའེ་ཡིས་ན་ནིང་རང་རྒྱལ་གྱིས་རྒྱལ་ཁབ150དང་རྒྱལ་སྤྱིའི་རྩ་འཛུགས13ལ་འགོག་སྲུང་གྱོན་ཆས་དང་ཁ་ཐུམ། འབྱིན་རྔུབ་འཕྲུལ་ཆས་སོགས་རིམས་འགོག་དངོས་རྫས་འབོར་ཆེན་མཁོ་སྤྲོད་བྱས་པ་དང་། ད་ལོར། ང་ཚོས་རྒྱལ་ཁབ106དང་རྒྱལ་སྤྱིའི་རྩ་འཛུགས4ལ་འགོག་ཁབ་དུང་ཕྱུར15མཁོ་སྤྲོད་བྱས་པས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་རྒྱལ་སྤྱིའི་རིམས་ནད་སྔོན་འགོག་མཉམ་ལས་ཀྱི་སྣེ་ཁྲིད་པར་བྱེད་ནུས་གལ་ཆེན་བཏོན་ཡོད་པས། འདི་ནི་ང་ཚོས་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་བྱ་གཞག་གི་གཟི་བརྗིད་ཅིག་ཡིན་པར་བསྟན།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།