ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཁྲེན་གྱིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་གཞོན་པ་མུའུ་ཧའེ་མའེ་ལ་བརྙན་ལམ་ནས་ཐུག་འཕྲད་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་པེ་ཅིང་དུ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་གཞོན་པ་མུའུ་ཧའེ་མའེ་ལ་བརྙན་ལམ་ནས་ཐུག་འཕྲད་བྱས།

ཝང་ཁྲེན་གྱིས་བཤད་རྒྱུར། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཙུའོ་ཁོའོ་བར་རྒྱལ་ཁབ་གཉིས་ཀྱི་མཐུན་སྒྲིལ་རིམས་འགོག་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་ཞིང་། མཐུན་སྒྲིལ་རིམས་ནད་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་འབྲེལ་འདྲིས་མཉམ་ལས་ལ་སྔར་ལས་ལྷག་པར་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ཧིན་རྡུ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

མུའུ་ཧའེ་མའེ་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡ་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས། ཧུར་ཐག་གིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གཏིང་ཟབ་ཏུ་འགྲོ་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།