ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་ཨེ་ཤེ་ཡ་ཤར་མའི་མཉམ་ལས་མགོ་ཁྲིད་པའི་རིམ་བསྟར་ཚོགས་འདུར་ཞུགས་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས25ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན།  ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཝུན་ལའེ་ཡི་རྒྱལ་པོ་ཧ་སང་ནའར་གྱི་གདན་ཞུས་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཟླ10བའི་ཚེས26ཉིན་ནས་ཚེས27ཉིན་བར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཚོགས་འདུ་ཐེངས24པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ འཇར་པན།  ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་ཚོགས་འདུ་ཐེངས24པ། ཨེ་ཤེ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སྐབས16པ་བཅས་ལ་ཞུགས་རྒྱུ་རེད། ཚོགས་འདུ་བརྙན་ལམ་གྱི་རྣམ་པ་བརྒྱུད་དེ་འཚོགས་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།