ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དབྱང་བརྙན་ཨོ་ལིན་ཕིག་འཕྲིན་ལམ་དང་དེའི་གྲངས་འཛིན་ལས་སྟེགས་གཏོང་མགོ་ཚུགས་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དབྱང་བརྙན་ཨོ་ལིན་ཕིག་འཕྲིན་ལམ་དང་དེའི་གྲངས་གཞིའི་ལས་སྟེགས་གཏོང་མགོ་ཚུགས་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་ཤིང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་ངོ་མཚར་བླ་ལྷག་ཁྱད་འཕགས་ཀྱི་ཨོ་ལིན་ཕིག་གི་ལེའུ་གསར་པ་ཁྱོན་ཡོངས་ནས་ངོམ་སྟེ། ཀྲུང་ཧྭའི་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ཨོ་ལིན་ཕིག་འཕྲིན་ལམ་དང་དེའི་གྲངས་འཛིན་ལས་སྟེགས་གཏོང་མགོ་ཚུགས་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ཨོ་ལིན་ཕིག་འཕྲིན་ལམ་གྱིས་ཨོ་ལིན་ཕིག་ལུས་རྩལ་དང་རིག་གནས་བརྒྱུད་སྤེལ་བྱས་ཏེ། ཀྲུང་གོའི་ལུས་རྩལ་གྱི་གཏམ་རྒྱུད་བརྗོད་པ་དང་། ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱལ་སྤྱིའི་ལུས་རྩལ་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རང་རྒྱལ་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་དཔལ་ཡོན་དཔྱད་བསྡུར་དང་དམངས་སེམས་གཅིག་སྦྲེལ་ལ་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིན100ལྷག་འགོར་བའི་རྗེས་སུ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མགོ་ཚུགས་རྒྱུ་རེད། ཁྱེད་ཚོས་བདེན་སྲུང་གསར་གཏོད་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་གངས་འཁྱག་ལུས་རྩལ་པའི་འབད་བརྩོན་ལྷོད་མེད་དང་རང་ལས་ཚད་བརྒལ་གྱི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་ངོ་མཚར་བར་སྟོན་པ་དང་། ལྗང་མདོག་དང་མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་རྒྱས་བཤད་གཏིང་ཟབ་བྱེད་པ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་ངོ་མཚར་ཆེ་ལ་ཁྱད་དུ་འཕགས་པ། བླ་ན་མེད་པའི་ཨོ་ལིན་ཕིག་གི་ལེའུ་གསར་པ་ཁྱོན་ཡོངས་ནས་ངོམ་པའི་རེ་བ་ཡོད། ཁྱེད་ཚོས་ཧུར་ཐག་གིས་བདེ་ཐང་གི་འཚོ་བའི་འདུ་ཤེས་དར་སྤེལ་བཏང་ནས། མང་ཚོགས་ལུས་རྩལ་དང་ན་གཞོན་ལུས་རྩལ་འཕེལ་རྒྱས་ལ་དོ་ཁུར་བྱས་ཏེ། ཀྲུང་ཧྭའི་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ཨོ་ལིན་ཕིག་འཕྲིན་ལམ་དང་དེའི་གྲངས་འཛིན་ལས་སྟེགས་གཏོང་མགོ་ཚུགས་པའི་མཛད་སྒོ་ཚེས25ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་འཚོགས་པ་དང་། མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་པ་དང་། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧོ་ཡི་བརྙན་ལམ་ཤིས་ཚིག་བསྟན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་མཛད་སྒོར་ཞུགས་ནས་སྟེགས་བུ་གཏོང་མགོ་ཚུགས་པ་ཁྱབ་བསྒྲགས་བྱས། 

ཨོ་ལིན་ཕིག་འཕྲིན་ལམ་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་བར་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། བརྙན་འཕྲིན་འཕྲིན་ལམ་དང་གྲངས་འཛིན་ལས་སྟེགས་ཚུད་ཡོད། དེའི་ནང་ཨོ་ལིན་ཕིག་བརྙན་འཕྲིན་འཕྲིན་ལམ་གྱི་ཕྱིར་འབོད་རྟགས་ནིCCTV-16ཡིན་པ་དང་། རྒྱལ་སྤྱིའི་ཐོག་གི4Kཆེས་དྭངས་གསལ་དང་དྭངས་གསལ་ཚད་གཞི་ཆུ་ཚོད24ལ་སྐར་ཐོག་དུས་གཅིག་ཏུ་སྟོན་པའི་ཆེད་ལས་ལུས་རྩལ་འཕྲིན་ལམ་དང་པོ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།