ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ9པའི་བར་རྒྱལ་ཡོངས་སུ་མཁར་གྲོང་གི་གཞུས་ཁུལ་རྙིང་པ་ཁྲི5.12གསར་དུ་བསྒྱུར་བཀོད་བྱས་ཤིང་། ལོ་འཁོར་གྱི་དམིགས་འབེན་ལས་འགན་གྱི94.8%ཟིན། དེའི་ཁྲོད། ད་ལོའི་འཆར་གཞི་ལས་འགན་ཡོངས་སུ་ལས་མགོ་བརྩམས་པའི་ས་ཁུལ་ལ་ཧྲང་ཧའེ་དང་ཨན་ཧུའེ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། ཧོ་ནན། ཧྲན་ཏུང་། ཧོ་པེ། ཅང་སུའོ། ཧེ་ལུང་ཅང་། ཞིན་ཅང་། ཅང་ཞི། ཅི་ལིན། ཀན་སུའུ། མཚོ་སྔོན་དང་ཧེ་ནན་བཅས་འདུས།
མཁར་གྲོང་གི་གཞིས་ཁུལ་རྙིང་པའི་བསྒྱུར་བཀོད་ནི་དམངས་འཚོའི་ལས་གཞི་དང་འཕེལ་རྒྱས་ལས་གཞི་གལ་ཆེན་ཡིན། ད་ལོའི《སྲིད་གཞུང་བྱ་བའི་སྙན་ཞུ》ཁྲོད་མཁར་གྲོང་གི་གཞིས་ཁུལ་རྙིང་པ་ཁྲི5.3གསར་དུ་བསྒྱུར་བཀོད་བྱ་རྒྱུ་ཡིན་པར་བཏོན་ཡོད། ས་གནས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཞིས་ཁུལ་རྙིང་བའི་བསྒྱུར་བཀོར་ལ་སྐུལ་འདེད་མགྱོགས་མྱུར་བཏང་། དེའི་ཁྲོད། ཧྲང་ཧའེ་ཡིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ་སྨི་གྲུ་བཞི་མ་ཁྲི5000ཡི་རིགས་སོ་སོའི་སྡོད་ཁང་རྙིང་པའི་ཆུ་ཚད་སྔར་ལས་མཐོ་བའི་བསྒྱུར་བཀོད་ལས་གཞི་འཆར་འགོད་བྱས་ཡོད་ཅིང་། ཨན་ཧུའེ་ཡིས2022ལོའི་ཚོང་ར་ཅན་གྱི་བྱེད་ཐབས་བརྒྱུད་དེ་གཞིས་ཁུལ་རྙིང་པའི་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་ཁྱབ་བསྒྲགས་བྱས། ངོ་སྤྲོད་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ། རང་རྒྱལ་གྱིས2000ལོའི་ལོ་མཇུག་སྔོན་དུ་འཛུགས་སྐྲུན་བྱས་པའི་མཁར་གྲོང་གི་གཞིས་ཁུལ་རྙིང་པ་ཁྲི21.9ཡི་བསྒྱུར་བཀོད་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཟླ1པོ་ནས་ཟླ9པའི་བར་རྒྱལ་ཡོངས་སུ་མཁར་གྲོང་གི་གཞུས་ཁུལ་རྙིང་པ་ཁྲི5.12གསར་དུ་བསྒྱུར་བཀོད་བྱས།