ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་གི་དཔལ་འབྱོར་བསམ་བློའི་ལོ་རྒྱུས(1921ལོ་ནས2021ལོའི་བར)》དཔེ་སྐྲུན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས24ཉིན།  2021ལོའི་དཔེ་སྐྲུན་བྱས་པའི་བརྗོད་གཞིའི་དཔེ་དེབ་གཙོ་བོ《ཀྲུང་གོ་གུང་ཁྲན་ཏང་གི་དཔལ་འབྱོར་བསམ་བློའི་ལོ་རྒྱུས(1921ལོ་ནས2021ལོའི་བར)》ཡི་དེབ་བཞི་ཉེ་ཆར་དཔལ་འབྱོར་ཚན་རིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་། དེབ་དེའི་ནང་ལོ་རྒྱུས་སྨྲ་བ་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ་ཀྲུང་གོ་གུང་ཁྲན་ཏང་གི་དཔལ་འབྱོར་དགོངས་པའི་ལོ་བརྒྱའི་འོད་སྟོང་དང་རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་མཚོན་པར་བྱས་ཡོད། 

དེབ་འདི་ནི་དཔལ་འབྱོར་ཆེད་མཁས་པ་ཀུའུ་ཧའེ་ལིའང་དང་ཙོའུ་ཅིན་ཝུན་གྱིས་གཙོ་སྒྲིག་བྱས་པ་དང་།  དེབ་དེར་ཁྱོན་ཡིག་འབྲུ་ཁྲི231ཡོད་ཅིང་། དེབ་དེས་ཏང་གི་དཔལ་འབྱོར་དགོངས་པ་དེ་མྱུ་གུ་འབུས་པ་ནས་སྨིན་པའི་དུས་མཚམས་ཚང་མར་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་དང་རྒྱས་བཤད་བྱས་ཡོད་ཅིང་།  དེའི་ནང་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར། དུས་རབས་གསར་པ་བཅས་ཀྱི་དུས་སྐབས་སོ་སོ་ཚུད་ཡོད་པས་འཕེལ་རྒྱས་ཀྱི་གོ་རིམ་ཆ་ཚང་མངོན་ཡོད།

“ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་དཔལ་འབྱོར་བསམ་བློའི་ལོ་རྒྱུས་ཀྱི་ལམ་བུ་ནི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ཀྲུང་གོ་ཅན་གྱི་བརྒྱུད་རིམ་ཡིན་ལ།  ཀྲུང་གོ་ཅན་གྱི་མར་ཁེ་སི་རིང་ལུགས་ཆབ་སྲིད་དཔལ་འབྱོར་རིག་པའི་རིགས་པའི་གཞུང་ལུགས་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་སྐྲུན་གྱི་བརྒྱུད་རིམ་ཀྱང་ཡིན། ” སློབ་གསོ་པུའུ་ཡི་སྤྱི་ཚོགས་ཚན་རིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུའུ་ཧའེ་ལེའང་གིས།  དཔེ་དེབ་དེ་དུས་ཚོད་འཁོར་མདའ་དང་ཞིབ་ཅིང་བདེན་པའི་ལོ་རྒྱུས་དཔྱད་གཞི་རྨང་གཞིར་བྱས་ཏེ་རིམ་བཞིན་འཕར་བའི་བསམ་བློའི་འཕེལ་རིམ་མཚོན་པར་བྱས་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།