ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་དུ་མུ་མཐུད་རྟོག་ཞིབ་གནང་ཞིང་། ཁོང་རྨ་ཆུའི་ཟུར་གསུམ་ཁུལ་གྱི་ཞིང་ལས་མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ཁུལ་དང་ཁེན་ལི་ཆུས་ཏུང་ཅི་གྲོང་རྡལ་དབྱང་མིའོ་སྡེ་ཁུལ་དང་། ཧྲིན་ལི་སྣུམ་ཞིང་རྩད་གཅོད་གསར་སྤེལ་ཞིབ་འཇུག་ཁང་། ཁྲོན་འབིགས་ལས་སྟེགས་བཅས་སུ་ཕེབས་ནས། རྨ་ཆུའི་ཟུར་གསུམ་ཁུལ་གྱི་བ་ཚྭ་ཁུལ་གྱི་ཕྱོགས་བསྡུས་བེད་སྤྱོད་དང་དེང་རབས་ཞིང་ལས་འཕེལ་རྒྱས། རྨ་ཆུའི་གྲམ་ཐང་ཁུལ་དང་ཆུ་ལོག་གསོག་ཁུལ་གྱི་གྲོང་མིའི་གནས་སྤོར་འཛུགས་སྐྲུན་དང་ཧྲིན་ལི་སྣུམ་ཞིང་གསར་གཏོད་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཞི་ཅིན་ཕིང་གིས་ཏུང་དབྱིང་དུ་མུ་མཐུད་རྟོག་ཞིབ་གནང་།