ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམ་སྟོན་པེ་ཅིང་དུ་སྤེལ་མགོ་བརྩམས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1127982032_16348185212911n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས21ཉིན། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམ་སྟོན་དེ་པེ་ཅིང་འགྲེམ་སྟོན་ཁང་དུ་སྤེལ་མགོ་བརྩམས། ཐེངས་འདིའི་འགྲེམ་སྟོན་གྱི་བརྗོད་བྱ་ནིགསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཏུ་གྱུར་བར་འབད་བརྩོན་བྱེད”ཞེས་པ་ཡིན་ཞིང་། རང་རྒྱལ་གྱི་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བླངས་བའི་གྲུབ་འབྲས་གལ་ཆེན་གཙོ་གནད་དུ་འགྲེམ་སྟོན་བྱས་ཡོད། ཡུལ་དངོས་སུ་བསྡོམས་པས་འགྲེམ་ཁུལ12དབྱེ་ཡོད་ཅིང་། ལོ་བརྒྱར་ཕྱིར་མིག་ལྟ་བ་དང་རྨང་གཞིའི་ཞིབ་འཇུག མཐོ་གསར་ལག་རྩལ། ཆེད་དམིགས་རྣམ་གྲངས་གལ་ཆེན། ཞིང་ལས་ཚན་རྩལ། སྤྱི་ཚོགས་འཕེལ་རྒྱས། ཁྱབ་ཁོངས་གསར་གཏོད། སྒོ་འབྱེད་མཉམ་ལས། ཚན་རིག་ཁྱབ་གདལ་སོགས་ཀྱི་འགྲེམ་ཁུལ་འདུས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།