ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་དུ་རྨ་ཆུ་རྒྱ་མཚོར་འདྲེས་སར་རྟོག་ཞིབ་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་དུ་རྨ་ཆུ་རྒྱ་མཚོར་འདྲེས་སར་རྟོག་ཞིབ་གནང་། ཁོང་རྨ་ཆུ་རྒྱ་མཚོར་འདྲེས་སའི་གྲུ་ཁ་དང་། རྨ་ཆུ་ཟུར་གསུམ་གླིང་གི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས། རྨ་ཆུ་ཟུར་གསུམ་གླིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཅས་སུ་ཕེབས་ནས། ཡུལ་དངོས་སུ་རྨ་ཆུའི་བཞུར་རྒྱུད་ཀྱི་གནས་ཚུལ་དང་རྨ་ཆུ་ཟུར་གསུམ་གླིང་གི་བརླན་སའི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་བྱས་ཤིང་། རྨུ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།