ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་དམངས་ཡོངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་གྱི་མགོ་ཚུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ10བའི་ཚེས19ཉིན་ཡུས་ཐུང་རིག་ནུས་འགྲུལ་སྐྱེལ་རླངས་འཁོར་ཞིག་ཀྲིན་ཀྲིག་གི་ཚོགས་ར་གཙོ་བོ་རུ་བསྐྱོད་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས19ཉིན། 2021ལོའི་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱི་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་གྱི་མགོ་ཚུགས། ཤེས་གསལ་ལྟར་ན། ཐེངས་འདིའི་ལས་སྐྲུན་གསར་གཏོད་གཟའ་འཁོར་གྱིས“སྤུས་ཚད་མཐོ་བའི་གསར་རྩོམ་གསར་སྐྲུན་དང་ཆུ་ཚད་མཐོ་བའི་ལས་སྐྲུན་ལས་ཞུགས”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས། དྲ་སྟེང་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་དེ་ཚོགས་ར་གཙོ་བོ་ཧི་ནན་ཞིང་ཆེན་གྱི་ཀྲིན་ཀྲོའུ་གྲོང་ཁྱེར་དུ་བཙུགས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་འགོད་ཆིག་རྐྱང་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ནས་དུས་མཉམ་དུ་སྤེལ་རྒྱུ་རེད། །

པར་འདི་ནི་ཟླ10བའི་ཚེས19ཉིན་ཀྲིན་ཀྲོའུ་ཡི་ཚོགས་ར་གཙོ་བོ་རུ་འཕྲུལ་མིས་འཁྲབ་སྟོན་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ10བའི་ཚེས19ཉིན་ཀྲིན་ཀྲོའུ་ཡི་ཚོགས་ར་གཙོ་བོ་རུ་ལས་སྒྲུབ་མི་སྣས་མི་མེད་གནམ་གྲུའི་བྱེད་ནུས་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ10བའི་ཚེས19ཉིན་ཀྲིན་ཀྲོའུ་ཡི་ཚོགས་ར་གཙོ་བོ་རུ་ལས་སྒྲུབ་མི་སྣས་འཕྲུལ་མིའི་བྱེད་ནུས་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ10བའི་ཚེས19ཉིན་ཀྲིན་ཀྲོའུ་ཡི་ཚོགས་ར་གཙོ་བོ་རུ་ལས་སྒྲུབ་མི་སྣས་སྐུལ་འོད་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།