ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་སློབ་གསོར་སྐུལ་སྤེལ་བྱེད་པའི་བཅའ་ཁྲིམས་མ་ཟིན་ནང་ཕ་མ་དང་ལྟ་རྟོག་བྱེད་མཁན་གྱིས་ནར་མ་སོན་པའི་བྱིས་པའི་སློབ་སྦྱོང་གི་ཁུར་བོ་ལྗིད་དྲག་པར་སྔོན་འགོག་བྱེད་དགོས་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྱིམ་ཚང་སློབ་གསོར་སྐུལ་སྤེལ་བྱེད་པའི་བཅའ་ཁྲིམས་མ་ཟིན་གྱིས་ཡང་བསྐྱར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཚོགས་ལ་གྲོས་ཞིབ་བྱེད་པར་སྙན་སེང་ཞུས། མ་ཟིན་ནང་། ནར་མ་སོན་པའི་བྱས་པའི་ཕ་མ་དང་ལྟ་རྟོག་བྱེད་མཁན་གྱིས་ནར་མ་སོན་པའི་བྱིས་པའི་སློབ་སྦྱོང་དང་ངལ་གསོ། རོལ་རྩེད། ལུས་རྩལ་སྦྱོང་བརྡར་སོགས་ཀྱི་དུས་ཚོད་འོས་འཚམ་སྒོས་བཀོད་སྒྲིག་བྱེད་པ་ལས་སློབ་སྦྱོང་གི་ཁུར་བོ་ལྗིད་དྲག་པའམ་དྲ་རྒྱའི་ནང་མགོ་འཁོར་བར་སྔོན་འགོག་བྱེད་དགོས་ཞེས་གསར་དུ་ཁ་སྣོན་བྱ་རྩིས་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།