ཀྲུང་གོ་བོད་ཀྱི་དྲ་བ།

“2021ལོའི་སྟོན་དུས་ལས་མི་བསྡུ་བའི”བྱེད་སྒོ་སྤེལ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10པའི་ཚེས18ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་དམངས་སྲིད་པུའུ། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ལས་ཁུངས་ལྔས་མཉམ་འབྲེལ་སྒོས་སྤེལ་བའི“2021ལོའི་སྟོན་དུས་ལས་མི་བསྡུ་བའི”བྱེད་སྒོ་དངོས་སུ་སྤེལ་མགོ་བརྩམས། བྱེད་སྒོ་སྤེལ་ཡུན་ཟླ་གཅིག་ཡིན་པ་དང་། “‘འབྲས་བཟང་སྟོན་དུས་ཀྱི‘ལས་རིགས’ཀྱི་འབྱུང་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རིགས་སོ་སོའི་ཁེ་ལས་དང་ལས་དོན་ལས་ཁུངས། སྤྱི་ཚོགས་རྩ་འཛུགས་དང་དེ་བཞིན་ལས་ཤོར་མི་སྣ་ཐོ་འགོད། སློབ་གྲྭ་ནས་མཐར་ཕྱིན་ཡང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ། དམག་ཞབས་ཐིམ་པའི་དམག་མི་སོགས་ལས་འཚོལ་མི་སྣར་གཅིག་བསྡུས་ཞབས་འདེགས་ཞུ་རྒྱུ་རེད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ལས་ཞུགས་སུའོ་ཡི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། ལས་མི་བསྡུ་བའི་ཟླ་བའི་རིང་ས་གནས་སོ་སོར“སྒོ་ཁར་ཞབས་འདེགས་ཞུ་བར་བསྐྱོད་རྒྱུ”དང་། གཙོ་གནད་ཁེ་ལས་ཀྱི་ལས་མི་རྒྱུན་གཏན་ཅན་གྱི་ཞབས་ཞུ། “སྟོན་དུས་ཁེ་ལས་ལ་བཅར་འདྲི་ཞུ་བ” “ངས་མང་ཚོགས་ལ་ལས་ཞུགས་སྲིད་ཇུས་འཆད་ཁྲིད་བྱེད”སོགས་ཀྱི་བྱེད་སྒོ་སྤེལ་ནས་ཁེ་ལས་ལ་ལས་མི་བསྡུ་བ་དང་ལས་མི་བརྟན་པོ་ཡོང་བའི་དཀའ་གནད་ཐག་གཅོད་བྱེད་རོགས་བྱ་རྒྱུ་དང་། དུས་མཚུངས་སུ་མི་ཤུགས་ཐོན་ཁུངས་ཀྱི་མཁོ་སྤྲོད་དོ་སྙོམས་སྦྲེལ་མཐུད་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན།  གཞན་ཡང་། ས་ཁུལ་སོ་སོས་གཟའ་འཁོར་རེར་ལས་རིགས་དང་ཆེད་ལས་དབྱེ་ནས་ཁྱད་ལྡན་གྱི་ཆེད་དོན་ལས་མི་བསྡུ་བའི་ལས་དོན་སྤེལ་བ་དང་། དྲ་རྒྱའི་ཐོག་ནས་ལས་མི་བསྡུ་བའི་བྱེད་སྒོ་མང་པོ་སྤེལ་བ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་དྲ་ཕྱིར་ལས་བསྡུའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱེད་ཀྱིན་ཡོད་པ་རེད།

ལས་མི་བསྡུ་བའི་ཆ་འཕྲིན་དེ་ཀྲུང་གོའི་སྤྱིའི་ལས་བསྡུའི་དྲ་ཚིགwww.job.mohrss.gov.cnདང“2021ལོའི་སྟོན་དུས་ཀྱི་ལས་མི་བསྡུ་བའི་ཟླ་བ”ཆེད་ཁུལ་དང་། ཀྲུང་གོའི་སྤྱི་ཚོགས་རྩ་འཛུགས་ཀྱི་ཤེས་ལྡན་མི་སྣའི་ཞབས་ཞུ་དང་གསོ་སྦྱོང་སྟེགས་བུ(https://px.chinanpo.gov.cnབཟོ་ཚོགས་ཀྱི་ལས་ཞུགས་ཞབས་ཞུའི་དྲ་ཐོག་ལས་སྟེགས(སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ)ཀུངEཡི་ལས་ཞུགས)ཡོངས་འབྲེལ་ཤེས་ལྡན་མི་སྣའི་དྲ་ཐོག(https://zhaopin.gslhr.org.cn/དང་དེ་བཞིན་ས་གནས་སོ་སོའི་ཡན་ལག་ཚོགས་རའི་འབྲེལ་ཡོད་དྲ་ཚིགས་སུ་ཁྱབ་བསྒྲགས་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།