ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུ་པུའུ་ཡི་པུའུ་ཀྲང་ཚོགས་འདུ་སྐབས་གཉིས་པར་ཞུགས་ཤིང་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཟླ10པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་བརྙན་ལམ་བརྒྱུད་ནས“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུ་པུའུ་ཡི་པུའུ་ཀྲང་ཚོགས་འདུ་སྐབས་གཉིས་པར་ཞུགས་ཤིང་ཤིས་ཚིག་ཕུལ།   

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་བརྙན་ལམ་བརྒྱུད་ནས“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུ་པུའུ་ཡི་པུའུ་ཀྲང་ཚོགས་འདུ་སྐབས་གཉིས་པར་ཞུགས་ཤིང་ཤིས་ཚིག་ཕུལ། 

ཧན་ཀྲིན་གྱིས་བསྟན་དོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་མགོ་བཏོན་ནས་ལོ་བརྒྱད་སོང་བའི་རིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁབ་ཏུ་ཁས་ལེན་དང་ཧུར་ཐག་ནང་ཞུགས་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྱོན་ཡོངས་ནས་སྤེལ་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནུས་རྒྱུའི་མཉམ་ལས་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་ཁྱབ་ཁོངས་ཡིན་ཞེས་ནན་གྱིས་བསྟན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གོ་ལ་ཧྲིལ་པོའི་ནུས་རྒྱུ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་ནུས་རྒྱུའི་བདེ་འཇགས་སྲུང་སྐྱོང་བྱེད་འདོད་ཡོད། ཉེ་བའི་ལོ་འགའི་རིང་། ང་ཚོས“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུ་མཉམ་ལས་རོགས་ཟླའི་འབྲེལ་བ་ཧུར་ཐག་གིས་བཙུགས་ནས། “རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུའི་མཉམ་ལས་ལ་སྐུལ་འདེད་བཏང་བར་འཕེལ་རྒྱས་གལ་ཆེན་རབ་དང་རིམ་པ་བྱུང་ཡོད། 

ཧན་ཀྲིན་གྱིས་བསྟན་དོན། གནམ་གཤིས་འགྱུར་ལྡོག་གི་ཉེན་ཁར་ཁ་གཏད་གཅོག་པའི་རྒྱབ་ལྗོངས་ཆེན་པོའི་འོག  གོ་སྐབས་དམ་འཛིན་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཀྱི་ནུས་རྒྱུའི་མཁོ་སྤྲོད་ནུས་ཆེ་དང་། དྭངས་གཙང་། སྣ་མང་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྗང་མདོག་དང་བསྟུན་མཁས་ཀྱི་ནུས་རྒྱུའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་དགོས། ཁོང་གིས་གྲོས་འགོ་བཞི་བཏོན་ཡོད་དེ། གཅིག་ནི་ཐུན་མོང་ཐོག་ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཉིང་རྡུལ་གློག་འདོན་དང་ནུས་རྒྱུ་གསར་པའི་གློག་འདོན། རིག་ལྡན་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་ཐོག་ལྗང་མདོག་དར་གོས་ལམ་བུ་གཏོད་དགོས། གཉིས་ནི་ཐུན་མོང་ཐོག་ནུས་རྒྱུའི་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ནས། ནུས་གྲོན་ཐཱན་ཉུང་དང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ། སྔོན་ཐོན་ཉིང་རྡུལ་ནུས་པ་སོགས་ནུས་རྒྱུ་གཙང་མའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱས་ཏེ། ལག་རྩལ་ཡར་རྒྱས་ཀྱིས་ནུས་རྒྱུའི་ཐོན་ཁུངས་ཚོད་བཀག་གི་གནད་དོན་ཐག་གཅོད་བྱེད་དགོས། གསུམ་ནི་ཐུན་མོང་ཐོག་ནུས་རྒྱུའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ནུས་རྒྱུའི་ཁྱབ་རུང་རང་བཞིན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་རྒྱུའི་འགན་ལེན་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་བར་རོགས་རམ་བྱེད་དགོས། བཞི་ནི་ཐུན་མོང་ཐོག་ནུས་ཁུངས་ཁོང་ཡངས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་སོ་སོས་ནུས་ཁུངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རང་བདག་གིས་གདམ་ག་བྱེད་པའི་དབང་ཆར་བརྩི་འཇོག་བྱ་དགོས། 

“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུ་པུའུ་ཡི་པུའུ་ཀྲང་གི་ཚོགས་འདུ་སྐབས་གཉིས་པ་ནི་རྒྱལ་ཁབ་ནུས་རྒྱུ་ཅུའུ་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཡིན་ལ། བརྗོད་དོན་གཙོ་བོ་ནི“ལག་གདང་སྦྲེལ་ནས་སྔར་བས་ལྗང་མདོག་དང་བསྟུན་མཁས་ཀྱི་ནུས་རྒྱུའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད”ཅེས་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།