ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཞིབ་འཇུག་དང་ལག་ལེན》ཆེད་དེབ་པར་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཏིང་ཟབ་སྒོས་སློབ་སྦྱོང་དང་ཞིབ་འཇུག དྲིལ་སྒྲོག ལག་བསྟར་བཅས་བྱ་ཆེད། ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཁོངས་གཏོགས་ཀྱི《དམངས་གཙོ་དང་ཁྲིམས་ལུགས》ཞེས་པའི་གཟའ་འཁོར་དུས་དེབ་ཀྱིས《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཞིབ་འཇུག་དང་ལག་ལེན》ཆེད་སྒྲིག་དུས་དེབ་བཏོན་ཞིང་དེབ་ཐེངས་དང་པོ2021ལོའི་ཟླ10བའི་ཚེས18ཉིན་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཞིབ་འཇུག་དང་ལག་ལེན》གྱི་ཆེད་དེབ་དེ་ནི་ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱི་གཙོ་བདག་བྱས་ཤིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་མཛུབ་ཁྲིད་དང་།《དམངས་གཙོ་དང་ཁྲིམས་ལུགས》དུས་དེབ་ཁང་གིས་གཙོ་གཉེར་བྱས་པ་ཡིན་ལ། འདི་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ཞིབ་འཇུག དྲིལ་སྒྲོག་བཅས་བྱེད་པའི་སྟེགས་བུ་དང་འཐབ་ས་གལ་ཆེན་ཞིག་ཀྱང་ཡིན། ཆེད་དེབ་འདི་གཙོ་བོ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཁྲིམས་རིག་པ། བཅའ་ཁྲིམས་ལས་དོན་པ། མཐོ་སློབ་སློབ་མ་བཅས་ལ་ཁ་གཏད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་རྣམས་འགོད་རྒྱུ་དང་། ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་སྐོར་གྱི་རྩོམ་ཡིག་བདམས་འགོད། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་། ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པའི་ཞིབ་འཇུག་གྲུབ་འབྲས་བཅས་འགོད་རྒྱུ་རེད། 

ཐེངས་འདིའི་ཆེད་དེབ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་གནང་བའི་གསུང་བཤད་གལ་ཆེན་ཏེ《ཡིད་ཆེས་ཇེ་བརྟན་དུ་བཏང་ནས་དུས་ངལ་མཉམ་སེལ་གྱིས་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་དགོས》བརྒྱུད་བཀོད་བྱས་ཤིང་། དེའི་ནང་གོ་ལ་ཧྲིལ་པོ་རང་བཞིན་གྱི་འཇིགས་སྐུལ་དང་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་བཅག་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས་ཡོད། དེ་མིན་བློ་མཐུན་ཝང་ཁྲེན་གྱི་གཙོ་དོན་གཏམ་བཤད་ཀྱི་ནང་དོན་བཀོད་ཡོད་དེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་སྟེང་བསྐྱོད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ཁྲིམས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ཞེས་བསྟན་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།