ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་མཇུག་འགྲིལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱུས་ལོན་པ་ལྟར། ཟླ10པའི་ཚེས17ཉིན། 2021ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་གླེང་སྟེགས་ཞི་ཨན་ཀའོ་ཞིན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས། ཐེངས་འདིའི་གླེང་སྟེགས་སྟེང“མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། གླེང་སྟེགས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་སྦྲགས། 2021ལོའི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་གལ་ཆེན་ཡང་མཇུག་འགྲིལ་བ་རེད།

2021ལོར་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་མགོ་ཚུགས་མཛད་སྒོ་དང་དངོས་མང་སྟོན་ཚོགས། དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་མཐོ་རིམ་གླེང་སྟེགས། བརྗོད་དོན་གཙོ་བོའི་ཉིན་མོ་དྲུག་སོགས་ཀྱི་རིམ་བསྟར་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་སྤེལ་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་དྲ་རྒྱའི་བདེ་འཇགས་སྲུང་བའི་རྣམ་པ་ཟབ་མོ་བཏོད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།