ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀོང་ཀྲོའུ་ཚོང་ཚོགས་སྐབས་བརྒྱ་དང་སུམ་ཅུ་པའི་ཁེ་ལས་འགྲེམས་ཁང་དུ་གཟིགས་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་པའི་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀོང་ཀྲོའུ་ཚོང་ཚོགས་སྐབས་བརྒྱ་དང་སུམ་ཅུ་པའི་ཁེ་ལས་འགྲེམས་ཁང་དུ་གཟིགས་ཞིབ་བྱས།

ལིས་ཁི་ཆང་གིས་ཧོ་ཉི་ཝེ་ཨར་འགྲེམས་ཁང་དུ། རིམས་ནད་ཀྱི་གནས་སྟངས་འདི་འདྲའི་འོག་ཏུ། ཧོ་ཉི་ཝེ་ཨར་ཀུང་ཟིས་ཀྲུང་གོར་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བར་བསྔགས་བརྗོད་བྱས་ཏེ། ཀྲུང་གོས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་བསྐྲུན་ནས། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱིས་ཀྲུང་གོ་ནས་ཚོང་གཉེར་ཁྱབ་རྒྱ་སྔར་ལས་རྒྱ་ཆེར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ལིས་ཁི་ཆང་གིས་ཧྥ་ཀི་ཀུང་ཟིའི་འགྲེམས་ཁང་དུ།  ཁེ་ལས་ཀྱིས་ཀྲུང་གོའི་འཛད་སྤྱོད་པའི་སྣ་མང་ཅན་གྱི་དགོས་མཁོ་དང་འཚམ་པའི་སྤུས་ལེགས་ཐོན་རྫས་མང་པོ་ཐོན་སྐྱེད་བྱས་ནས། ཡོ་རོབ་ཀྱི་ཁེ་ལས་ཀྱིས་ཀྲུང་གོ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས།

ལིས་ཁི་ཆང་གིས་ཤར་ཕྱོགས་རྒྱལ་སྤྱིའི་འགྲེམས་ཁང་དུ།  ཁེ་ལས་ཀྱིས་གསར་གཏོད་ལ་བརྟེན་ནས་ཚུལ་སྒྱུར་རིམ་སྤོར་བྱ་རྒྱུའི་སྐུལ་ལྕག་གནང་།  ལིས་ཁི་ཆང་གིས་ཁེ་ལས་ཀྱིས་དཀའ་ངལ་མང་པོར་དམིགས་ཏེ་འབྲེལ་ཡོད་སྡེ་ཁག་ལ། ཁྲོམ་ར་ཅན་གྱི་བྱེད་ཐབས་ལ་ཞིབ་འཇུག་ཧུར་ཐག་བྱས་ཏེ། དངོས་ཟོག་གེགས་མེད་འགྲེམས་གཏོང་ཐུབ་པ་བྱས་ནས། ངལ་རྩོལ་མང་འདུས་ཅན་གྱི་ཁེ་ལས་ཀྱིས་ཀྲུང་གོའི་དབུས་ནུབ་ས་ཁུལ་ལ་ཐོན་ནུས་གཞན་སྒྱུར་བྱེད་རོགས་བྱེད་དགོས་པའི་མངགས་བཅོལ་གནང་།

ལིས་ཁི་ཆང་གིས་ཀོང་ཀྲོའུ་ཚོང་ཚོགས་ཀྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁེ་ལས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཇེ་ལེགས་སུ་ཕྱིན་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་གསར་པར་དཔའ་ངར་ཆེན་པོས་བསྐྱོད་དེ། གཉིས་ཕན་གཉིས་རྒྱལ་གྱི་རྣམ་པ་གསར་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས།

ལིས་ཞི་དང་ཧུའུ་ཁྲུན་ཧྭ། ཞའོ་ཅེ་སོགས་ཐེངས་འདིའི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།