ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་ཨུ་རུ་སུའི་ནུས་ཁུངས་གཟའ་འཁོར་གྱི་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་ཏེ་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་པའི་ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་བརྙན་ལམ་བརྒྱུད་དེ། ཉིས་སྟོང་ཉེར་གཅིག་ལོའི་ཨུ་རུ་སུའི་ནུས་ཁུངས་གཟའ་འཁོར་གྱི་རྒྱལ་སྤྱིའི་གླེང་སྟེགས་སྟེང་ཞུགས་ཏེ་ཤིས་ཚིག་ཕུལ། 

ཧན་ཀྲིན་གྱིས་བསྟན་དོན། མིག་སྔར་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་ལྷད་མེད་ཐཱན་ཉུང་གིས་ཁྲིད་སྟོན་བྱེད་པའི་ནུས་ཁུངས་ཚུལ་སྒྱུར་སྒྱུར་བཅོས་བྱེད་ཕྱོགས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་གང་སར་སྔར་ལས་གཏིང་ཟབ་ཏུ་གཏོང་བཞིན་ཡོད། ཀྲུང་གོ་ནི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གིན་ཡོད། ཀྲུང་གོས་ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་ཐཱན་རྩེར་སོན་དང་ཉིས་སྟོང་དྲུག་ཅུ་ལོའི་སྔོན་དུ་ཐཱན་སྙོམས་སྦྱོར་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ་ཡིན། ། དམིགས་ཚད་དེ་མངོན་འགྱུར་བྱེད་པར་ཀྲུང་གོས་དཀའ་སྤྱད་འབད་བརྩོན་བྱེད་དགོས། ང་ཚོས་ནུས་ཁུངས་ཀྱི་གྲུབ་ཚུལ་ལེགས་སྒྱུར་གང་ཐུབ་བྱེད་པ་དང་། རྫས་འགྱུར་དང་རྡོ་སྣུམ་མིན་པའི་ནུས་ཁུངས་ཀྱིས་ཐེངས་གཅིག་ནུས་ཁུངས་འཛད་སྤྱོད་ཁྲོད་ཟིན་པའི་བསྡུར་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ་ཡིན། ནུས་ཁུངས་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་་ཟབ་སྤེལ་དང་། རྒྱལ་ཡོངས་ཀྱི་ནུས་ཁུངས་སྤྱོད་པའི་དབང་ཆ་དང་ཐཱན་ཕྱིར་འབུད་དབང་ཆའི་ཉོ་འཚོང་ཁྲོམ་ར་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་སུ་གཏོང་བ། ནུས་ཁུངས་དང་འབྲེལ་བའི་ཚོད་འཛིན་གཉིས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཐཱན་ཉུང་ལག་རྩལ་གསར་གཏོད་བྱེད་པར་སྐུལ་མ་བཏང་ནས་ ལྷད་མེད་ཐཱན་ཉུང་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཆགས་པར་ཁྲིད་སྟོན་བྱེད་དགོས། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་ཁུངས་ལྷད་མེད་ཐཱན་ཉུང་ངང་འཕེལ་རྒྱས་འགྲོ་བའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་། ཕྱི་རྒྱལ་ནས་རྡོ་སོལ་དང་གློག་དང་འབྲེལ་བའི་ལས་གཞི་གསར་དུ་མི་འཛུགས་པར་འབད་དེ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་དང་འགན་འཁྲི་འཁུར་སེམས་མངོན་ཅི་ཐུབ་བྱེད་རྒྱུ་ཡིན།

ཨུ་རུ་སུའི་ནུས་ཁུངས་གཟའ་འཁོར་རྒྱལ་སྤྱིའི་གླེང་སྟེགས་ཐོག་མ་ཉིས་སྟོང་བཅུ་བདུན་ལོར་སྤེལ་མགོ་བརྩམས་པ་དང་།  དེའི་དམིགས་ཡུལ་གཙོ་བོ་ནི་གོ་ལ་ཧྲིལ་པོའི་ནུས་ཁུངས་གནད་དོན་ལ་དམིགས་གཏོད་པ་ཞིག་རེད།  ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་ནི་འཛམ་གླིང་ནུས་ཁུངས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བ་ཞེས་པ་དེ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།