ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལིར་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་འདྲེས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འགྲན་སློང་སྣ་ཚོགས་དང་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཐུན་མོང་སྒྲིག་གཞི་མཉམ་དུ་བཙུགས་ཏེ། ས་ཁོངས་ཡོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་རོགས་རེས་འབྲེལ་བའི་གྲོས་ཆོད་ཅེས་པས་དུས་བཅད་ལྟར་གོ་ཆོད་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་ཙམ་མ་ཟད། ཐ་ན་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཆེད་སྒུལ་ཤུགས་སྣོན་འདོད་ཡོད།  ད་ལོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་སྐད་ཆ་བཤད་རེས་ཀྱི་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་གཞན་དག་དང་མཉམ་དུ། སྔར་ལས་དམ་ཟབ་ཡིན་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མཉམ་ལས་ཐུན་མོང་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ལིས་ཞན་ལུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གཉིས་འཁོར་བ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་ནས་བསྟན་དོན།  རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ནའང་། སིང་ཀ་ཕོར་དང་ཀྲུང་གོའི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། སིང་ཀ་ཕོར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་དམ་ཟབ་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀའི་ཚོང་དོན་གནོན་ཤུགས་ཇེ་ཉུང་དུ་བཏང་བ་དང་། རྒྱུད་གཅིག་ལམ་གཅིག་དང་སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་པ་མཉམ་སྐྲུན་བྱེད་པའི་ཐད་ཕན་འབྲས་མངོན་གསལ་བླངས། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱི་མི་སྣ་འགྲོ་འོང་རྒྱུན་འཁྱོངས་དང་སྦས་ཤུགས་སྔོག་འདོན་བྱས་ཏེ། གཞི་གྲངས་དཔལ་འབྱོར་དང་ལྷད་མེད་འཕེལ་རྒྱས། གེགས་མེད་དངུལ་རྩ། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།