ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་ཚོགས་འདུ་སྐབས130པའི་མགོ་ཚུགས་མཛད་སྒོར་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་ཚོགས་འདུ་སྐབས130པའམ་ཀྲུའུ་ཅང་རྒྱལ་སྤྱིའི་ཚོང་དོན་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་ཏེ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་དང་རང་མོས་ཉོ་ཚོང་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་སྔར་ལས་ལེགས་པའི་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཀོང་ཀྲོའུ་རུ་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འདུ་ཚོགས་སྐབས130པའམ(ཀོང་ཀྲོའུ་ཚོང་འདུས)། ཀྲུའུ་ཅང་རྒྱལ་སྤྱིའི་ཚོང་དོན་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་ཤིང་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་། ཕེ་རུའི་ཙུང་ཐུང་ཁ་སི་ཏི་ལུའེ་དང་། ཨུ་རུ་སུའི་ཙུང་ལི་དམི་ཧྲུའུ་སི་ཅིང་། ཧང་ག་རིའི་ཙུང་ལི་ཨོར་པན། མ་ལེ་ཞི་ཡའི་ཙུང་ལི་དབྱི་སི་མེར། ཁོ་ཐེ་ཏི་ཝ་ཡི་ཙུང་ལི་ཨ་ཞི། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི་དྲུང་ཡིག་ཆེན་མོ་ཀི་ལིན་སི་ཧྥན་བཅས་ཀྱིས་བརྙན་ལམ་ནས་ཤིས་ཚིག་ཕུལ། ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། རྒྱལ་ཁོངས་བརྒལ་བའི་ཀུང་སིའི་འགན་འཁུར་བ100ལྷག་དྲ་ལམ་ནས་ཚོགས་འདུར་ཞུགས། 

ཟླ10པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཀོང་ཀྲོའུ་རུ་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འདུ་ཚོགས་སྐབས་130པའམ(ཀོང་ཀྲོའུ་ཚོང་འདུས)། ཀྲུའུ་ཅང་རྒྱལ་སྤྱིའི་ཚོང་དོན་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་ཤིང་བཞེད་དོན་གཙོ་བོའི་གཏམ་བཤད་གནང་།  

ལི་ཁེ་ཆང་གིས་བསྟན་དོན། ཀོང་ཀྲོའུ་ཚོང་འདུས་གཉེར་ནས་ལོ་འཁོར65སོང་རིང་། ཆར་རླུང་ཆེ་ཡང་རྒྱུན་མ་ཆད་པར་མི་རྣམས་ཧང་སངས་དགོས་པའི་གྲུབ་འབྲས་བླངས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིའི་ཀོང་ཀྲོའུ་ཚོང་འདུས་ལ་རྟེན་འབྲེལ་འཕྲིན་ཡིག་བཏང་བ་དེས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་། རང་མོས་ཚོང་དོན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཐའ་འཁྱོངས་བྱས་པ་མཚོན་ཡོད། ཀོང་ཀྲོའུ་ཚོང་འདུས་ཀྱི་ལོ་རྒྱུས་ནི་ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཟམ་མི་ཆད་པར་ཆེ་རུ་བཏང་ནས། འཛམ་གླིང་དཔལ་འབྱོར་དང་མཉམ་འདྲེས་བྱས་པའི་ལོ་རྒྱུས་ཤིག་ཡིན་ལ། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱས་པའི་ལོ་རྒྱུས་ཤིག་ཀྱང་ཡིན།

ལི་ཁེ་ཆང་གིས་བསྟན་དོན། མིག་སྔར། པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་ཡང་དང་ཡང་དུ་འབྱུང་བཞིན་ཡོད་ལ། རྒྱལ་སྤྱིའི་དུས་བབ་མུ་མཐུད་དུ་རྙོག་འཛིང་ཆེ་ལ་གཏིང་ཟབ་པའི་འགྱུར་ལྡོག་འགྲོ་བཞིན་ཡོད། འཛམ་གླིང་གི་རྒྱལ་ཁབ་སོ་སོ“སའི་གོ་ལའི་གྲོང་ཚོ”འདི་རུ་སྐྱིད་སྡུག་མཉམ་མྱོང་དང་དཀའ་ངལ་མཉམ་སེལ་བྱེད་བཞིན་ཡོད། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ། ང་ཚོས་ངེས་པར་དུ་དཀའ་ངལ་ལས་རྣམ་པར་རྒྱལ་བའི་བློ་སྟོབས་དང་། བསྟུན་མཁས་ཀྱི་བློ་རྒྱ། སྒོ་འབྱེད་ཀྱི་ཆོད་སེམས། མཉམ་ལས་ཀྱི་ལྷག་བསམ་བཅས་མངོན་དགོས།   

ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་དགོས། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚན་རིག་གི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། རིམས་འགོག་སྨན་ཁབ་དང་སྨན་རྫས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་པྲོག་གསར་ནད་དུག་ལས་རྣམ་པར་རྒྱལ་དགོས། 

སྒོ་འབྱེད་མཉམ་ལས་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་སླར་གསོ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། རང་མོས་ཚོང་དོན་མཐའ་འཁྱོངས་བྱེད་པ་དང་། སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ།  ཚོང་ཟོག་འབོར་ཆེན་དང་འགག་རྩའི་ལྷུ་ལག་གི་ཐོན་སྐྱེད་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་ཟོག་གལ་ཆེན་གྱི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་ཟོག་འགྲེམས་ཤར་གཏོང་ཐུབ་པར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་དང་བདེ་འཇགས་ངང་འཁོར་རྒྱུག་ཡོང་བ་བཅས་བྱེད་དགོས། 

ཁོང་ཡངས་ཀུན་ཕན་མཐའ་འཁྱོངས་བྱས་ཏེ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ནས། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ཁྲོམ་ར་ལེགས་པོར་སྐྱོང་བ་དང་། གོ་ལ་ཧྲིལ་པོའི་མཉམ་ལས་བྱེད་སྟངས་ལེགས་པོར་སྤྱོད་པ། གོ་ལ་ཧྲིལ་པོའི་མཉམ་སྤྱོད་ལམ་སྲོལ་དམ་པོར་དོན་འཁྱོལ་བྱེད་པ་བཅས་བྱས་ནས། དཔལ་འབྱོར་གོ་ལ་ཅན་སྔར་བས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། 

 ལི་ཁེ་ཆང་གིས་བསྟན་དོན། ད་ལོ་ནས་བཟུང་། རྙོག་འཛིང་དང་ཛ་དྲག་ཡིན་པའི་རྒྱལ་སྤྱིའི་ཁོར་ཡུག་དང་རིམས་ནད། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་སོགས་ཀྱི་མདུན་དུ། ཀྲུང་གོས་རིམས་ནད་རྒྱུན་གཏན་ཅན་གྱི་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་པ་དང་། དུས་མཚུངས་སུ། དཀའ་ངལ་དང་འགྲན་སློང་ཁྱད་དུ་བསད་ནས། ཧུར་ཐག་གིས་དཔལ་འབྱོར་རྒྱུན་མཐུད་དང་བརྟན་བརླིང་ངང་སླར་གསོ་ཡོང་བ་བྱས་ཏེ། སྤྱི་ཁོག་གི་དམིགས་ཚད་གཙོ་བོ་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་ཐུབ་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་ལྡན་པས། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་འགྲུབ་པར་ནུས་པ་དང་ཡིད་ཆེས་ཡོད། དུས་མཚུངས་སུ། ཀྲུང་གོའི་དཔལ་འབྱོར་སླར་གསོ་སྔར་བཞིན་བརྟན་ལྷིང་མིན་ལ་དོ་མི་མཉམ།  དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་རྒྱུན་འཁྱོངས་བྱེད་པའི་འགྲན་སློང་ཇེ་མང་དུ་འགྲོ་བཞིན་ཡོད། འཕེལ་རྒྱས་ནི་ཀྲུང་གོའི་གནད་དོན་མཐའ་དག་ཐག་གཅོད་པའི་རྨང་གཞི་དང་འགག་རྩ་ཡིན། ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་ནས། ཤུགས་ཆེན་པོས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ཏེ། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཐོངས་སུ་གནས་པར་ཁག་ཐེག་བྱེད་དགོས་ལ། ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ངང་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། 

ཐོན་ལས་དང་ཁྲོམ་རའི་ལེགས་ཆར་བརྟེན་ནས་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཕྱི་ཕྱོགས་ཚོང་དོན་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་མཐའ་འཁྱོངས་བྱས་ནས། མུ་མཐུད་དུ་སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་ནང་འདྲེན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཕྱི་ཕྱོགས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ལོ་མཇུག་གི་སྔོན་དུ། རྒྱལ་ཁོངས་བརྒལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ཁག་ཅིག་གསར་དུ་བཙུགས་ནས། ཀོང་ཏུང་སོགས་སུ་ཞིང་ཆེན་ཡོངས་ལ་ཁྱབ་པར་བྱེད་དགོས། མགྱོགས་མྱུར་ངང་ཕྱི་རྒྱལ་མཛོད་ཁང་སོགས་ལས་རྣམ་གསར་པ་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་ཕྱིའི་བློ་རིག་ཟོག་འདྲེན་ལས་སྟེགས་སྐྲུན་པར་སྐུལ་འདེད་གཏོང་དགོས། ཚོང་དོན་གྲངས་འཛིན་ཅན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། གོ་ལ་ཧྲིལ་པོའི་ཚོང་དོན་གྲངས་འཛིན་ཅན་གྱི་སྣེ་ཁྲིད་ཁུལ་ཁག་ཅིག་གཏོད་དགོས།  

མུ་མཐུད་དུ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་དེ། ཀྲུང་གོ་ཉིད་ཐོག་མཐའ་བར་གསུམ་དུ་ཕྱི་རྒྱལ་ཚོང་པའི་མ་འཇོག་གི“གཤིན་ས”ལྟ་བུར་འགྱུར་དགོས། ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་སྔར་ལས་ཇེ་ཉུང་དུ་བཏང་ནས། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་བཀག་རྒྱའི་གསལ་ཐོའི་བཟོ་སྐྲུན་ལས་རིགས་ཀྱི་ས་བཅད་གཙང་སེལ་བྱས་ཏེ། མུ་མཐུད་དུ་ཞབས་ཞུའི་ལས་རིགས་ཀྱི་ཆོག་འཐུས་རྒྱ་ཆེར་གཏོང་དགོས། ཚད་གཞི་མཐོ་བའི་སྒོ་ནས་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཐོབ་རྗེས་ཀྱི་རྒྱལ་དམངས་ཐོབ་ཐང་དོན་འཁྱོལ་བྱེད་པ་དང་། ཕྱི་དངུལ་གྱིས་རིམ་པ་མཐོ་འབྲིང་གི་བཟོ་སྐྲུན་དང་དེང་རབས་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་དང་། དབུས་ནུབ་ས་ཁུལ་དུ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་མངགས་བཅོལ་བྱས་པའི་ཞིབ་སྤེལ་ལས་སྒོ་དང་ལེན་བྱ་རྒྱུར་སྐུལ་ལྕག་གཏོང་དགོས། མུ་མཐུད་དུ་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་དང་འཐུས་སྒོ་ཚང་བའི་ཁྲིམས་སྲོལ་ལག་བསྟར་བྱས་ཏེ། ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། ཕྱི་ནང་གི་མ་འཇོག་ཁེ་ལས་ཀྱིས་ཕྱོགས་རིས་མེད་པ་དང་དྲང་གཞག་འགྲན་རྩོད་བྱེད་པའི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་དགོས། 

རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བའི་ནང་ཧུར་ཐག་གིས་ཞུགས་ནས། ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩ་དོན་དང་མཐུན་པའི་ས་ཁོངས་རང་མོས་ཚོང་དོན་གྱི་བཀོད་སྒྲིག་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་པ་དང་དེར་དགའ་བསུ་ཞུ།  འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་ས་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད(RCEP)གང་མགྱོགས་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོ་ལས་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད(CPTPP)ནང་ཞུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཚད་གཞི་མཐོ་བའི་རང་མོས་ཚོང་དོན་གྲོས་ཆོད་སྔར་བས་མང་བའི་གྲོས་མོལ་ལ་མིང་རྟགས་འགོད་པ་དང་། གོ་ལ་ཧྲིལ་པོའི་གྲངས་གཞི་དང་ལྗང་མདོག་བཅོས་སྐྱོང་སོགས་གསར་དར་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། 

ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན། སླད་ཕྱིན་ཀྲུང་གོ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ཀྱང་ཡིན། ཀྲུང་གོའི་འཕེལ་རྒྱས་དེ་ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་ཁྲོད་སྐུལ་འདེད་གཏོང་བ་དང་སྒོ་འབྱེད་ཁྲོད་མདུན་སྐྱོད་བྱ་རྒྱུ་ཡིན། ང་ཚོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་འཆར་གཞི་བཟོས་ཏེ། སྔར་ལས་ལེགས་པའི་འཕེལ་རྒྱས་གཏོང་འདོད་ཡོད།  

མཇུག་མཐར། ལི་ཁེ་ཆང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་འདུ་ཚོགས་སྐབས130པ་མགོ་བཙུགས་པ་ཁྱབ་བསྒྲགས་བྱས།  

ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་མགོ་ཁྲིད་པས་ཀྲུང་གོས་དྲ་ཐོག་དང་ཡུལ་དངོས་མཉམ་འདྲེས་སྒོས་ཐེངས་འདིའི་ཀོང་ཀྲོའུ་ཚོང་འདུས་གཉེར་བར་བསྔགས་བརྗོད་བྱས་པ་དང་། ཀོང་ཀྲོའུ་ཚོང་འདུས་ཀྱིས་རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རིམས་ནད་རྗེས་ཀྱི་འཛམ་གླིང་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཚད་མཐོའི་གདེང་འཇོག་གནང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། རང་རྒྱལ་ཁབ་ཀྱི་ཁེ་ལས་ཀྱིས་ཀྲུང་གོ་དང་མཉམ་ལས་རྒྱ་ཆེར་གཏོང་བར་སྐུལ་ལྕག་བྱས་ནས། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན་ཞེས་བཤད། 

མགོ་ཚུགས་མཛད་སྒོའི་སྔོན་དུ། ལི་ཁེ་ཆང་གིས་ཀོང་ཀྲོའུ་ཚོང་འདུས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཤམས་སྟོན་ཁང་དུ་གཟིགས་སྐོར་གནང་། 

ཧུའུ་ཁྲུན་ཧྭ་ཡིས་མགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་། ལི་ཞི་དང་ཞོ་ཅེ་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས། 

ཀོང་ཀྲོའུ་ཚོང་འདུས་ལ་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱི“ཆར་བརྟག་ཡོ་བྱད”དང“རླུང་ཕྱོགས་སྟོན་ཆས”ཞེས་བརྗོད་ཀྱིན་ཡོད། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་དྲ་ཐོག་དང་ཡུལ་དངོས་མཉམ་འདྲེས་སྒོས་ཐོག་མར་གཉེར་ཡིན་ལ། ཁེ་ལས7800ཡུལ་དངོས་སུ་འགྲེམས་སྟོན་ལ་ཞུགས་པ་དང་། ཁེ་ལས་དང་གོ་ལ་ཧྲིལ་པོའི་ཉོ་སྒྲུབ་ཚོང་པ་ཁྲི2.6ལྷག་དྲ་ཐོག་ཏུ་འགྲེམས་སྟོན་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།