ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འདུ་ཚོགས་སྐབས130པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འདུ་ཚོགས(ཀོང་ཀྲོའུ་ཚོང་འདུས)སྐབས130པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀོང་ཀྲོའུ་ཚོང་འདུས་གཉེར་ནས་ལོ་འཁོར65སོང་རིང་། རྒྱལ་སྤྱིའི་ཚོང་དོན་ལ་ཞབས་འདེགས་ཞུ་བ་དང་། ཕྱི་ནང་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་འདྲེས་པས་འཛམ་གླིང་གི་དཔལ་འབྱོར་ཚོང་དོན་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། ཀོང་ཀྲོའུ་ཚོང་འདུས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བ་དང་། ལམ་སྲོལ་གསར་གཏོད་བྱེད་པ། ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ནུས་པ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱོན་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པ་དང་། རྒྱལ་སྤྱིའི་ཚོང་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་དང་སྦྲེལ་མཐུད་བྱེད་པ་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་གཏོད་དགོས། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས། ཕྱོགས་མང་རིང་ལུགས་དངོས་འབྲེལ་མཐའ་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་འབྱེད་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད། 

ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་འདུས་སྐབས130པ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་མགོ་ཚུགས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ལ་སྐུལ་འདེད་གཏོང་བ་དེ་ཡིན་ལ། ཚོང་དོན་པུའུ་དང་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད། །   

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།