ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་འདྲེན་པ་བྱེད་དགོས་ཞེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས11ཉིན་ནས12ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཡུན་ནན་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཧན་ཀྲིན་གྱིས་ཡུན་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་འདྲེན་པ་བྱེད་དགོས་ཞེས་ནན་གྱིས་བསྟན། 

པར་འདི་ནི་ཟླ10པའི་ཚེ11ཉིན། ཧན་ཀྲིན་ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྐྱེ་དངོས་ཞིབ་འཇུག་སུའོ་རུ་ཕེབས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུག་དང་སྲུང་སྐྱོབ་སོགས་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན་པའི་ཚུལ་རེད། 

ཧན་ཀྲིན་ཏེན་ཁྲེ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་ཕེབས་ནས། ཡུན་ནན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ལག་ལེན་དང་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། ནགས་ཚལ་ཁྱབ་ཚད་ཀྱི་འགྱུར་ལྡོག་དང་རི་སྐྱེས་སྲོག་ཆགས་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྐྱེ་དངོས་ཞིབ་འཇུག་སུའོ་རུ་ཕེབས་ནས། དྲོད་ཁང་ཆེན་མོ་དང་ས་བོན་རྟེན་རྫས་བཤམས་མཛོད་ཁང་དུ་རྟོག་ཞིབ་གནང་བ་མ་ཟད། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུག་དང་སྲུང་སྐྱོབ་སོགས་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན་པ་རེད། ཡུན་ནན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཧན་ཀྲིན་གྱིས་བསྟན་དོན། ཡུན་ནན་གྱི་རང་བྱུང་ཆ་རྐྱེན་ལེགས་པ་དང་། སྐྱེ་ཁམས་གནས་བབ་གལ་ཆེ་བར་བརྟེན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་འདུ་འགོད་གལ་ཆེན་རྒྱུན་མཐུད་ངང་ལག་བསྟར་བྱས་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བང་མཛོད་གལ་ཆེན་སྲུང་སྐྱོབ་ཧུར་ཐག་བྱེད་དགོས། སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བར་དཔྱད་གཞི་དང་གཞི་འཛིན་ས་མཁོ་འདོན་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་སྐྱེ་དངོས་ཐོན་ཁུངས་ཀྱི་དགོས་མཁོ་དང་། རིག་ཚན་འཕེལ་རྒྱས་ཀྱི་མདུན་གྲལ་སྟོན་ཕྱོགས་སུ་བྱས་ཏེ། ས་བོན་གྱི་ཐོན་ཁུངས་ཉར་ཚགས་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་སྟེ། ཕུན་སུམ་ཚོགས་པའི་རི་སྐྱེས་རྩི་ཤིང་གི་ས་བོན་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་དགོས། 

ཏེན་ཁྲེའི་ཤར་ངོགས་ཀྱི་པའོ་ཧྥེང་བརླན་སར། ཧན་ཀྲིན་གྱིས་ཏེན་ཁྲེ་བརླན་སའི་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་བྱ་བར་རྟོག་ཞིབ་ཞིབ་ཕྲ་བྱས་ནས། ཏེན་ཁྲེའི་ཆུ་སྤུས་ལ་གཟིགས་ཞིབ་ནན་ཏན་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན། ཏེན་ཁྲེ་ནི་ཡུན་ནན་གྱི“མཐོ་སྒང་རྩ་ནོར”ཅིག་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བ་ཡང་དག་པར་ཁོང་དུ་ཆུད་པ་བྱེད་པ་ལས། སྔོན་ལ་སྦགས་བཙོག་དང་དེ་ནས་བཅོས་སྒྲིག་བྱེད་པའི་ལམ་བུ་རྙིང་པར་གཏན་ནས་འགྲོ་མི་རུང་། ཏེན་ཁྲིའི་ངོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་ལ་བཅོས་སྒྲིག་བྱ་རྒྱུ་ནན་འཛིན་ཡག་པོ་བྱས་ཏེ། འཆར་འགོད་དང་ཁྲིམས་འཛུགས་ཇེ་མགྱོགས་སུ་བཏང་ནས། ཏེན་ཁྲེར་སྲུང་སྐྱོབ་ཡག་པོ་དང་བཅོས་སྐྱོང་ཡག་པོ་བྱེད་དགོས། སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་ནས་མགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲུང་སྐྱོབ་དང་ཉམས་གསོའི་བྱ་བ་ཡག་པོར་བསྒྲུབས་ནས། མཚོ་འགྲམ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་དང་སྲུང་སྐྱོབ་བྱེད་པའི་ཁྲོད་འདམ་རའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས།

 པར་འདི་ནི་ཟླ10པའི་ཚེ11ཉིན། ཧན་ཀྲིན“གྲངས་གཞིའི་ཡུན་ནན”འགྲེམས་སྟོན་ལྟེ་གནས་སུ་ཕེབས་ནས། གྲངས་གཞིའི་ཡུན་ནན་འཛུགས་སྐྲུན་གྱི་འཕེལ་རིམ་ལ་རྟོག་ཞིབ་གནང་བའི་ཚུལ་རེད། 

“གྲངས་གཞིའི་ཡུན་ནན”འགྲེམས་སྟོན་ལྟེ་གནས་སུ་ཕེབས་ནས། གྲངས་གཞིའི་ཡུན་ནན་འཛུགས་སྐྲུན་གྱི་འཕེལ་རིམ་ལ་རྟོག་ཞིབ་དང་། གཙོ་གནད་ཐོག་གྲངས་གཞིའི་ནུས་རྒྱུ་དང་། གྲངས་གཞིའི་ཞིང་ལས། རིག་ལྡན་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་གྱི་སྙན་ཞུར་ཉན་པ་རེད། ཧན་ཀྲིན་གྱིས་བསྟན་དོན། ཡུན་ནན་ལ་ཕུན་སུམ་ཚོགས་པའི་ལྗང་མདོག་ནུས་རྒྱུའི་ཐོན་ཁུངས་ཡོད་པས། ལྗང་མདོག་ནུས་རྒྱུ་གསར་སྤེལ་དང་ཕྱིར་གཏོང་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ནུས་རྒྱུའི་བདེ་འཇགས་ལ་སྔར་ལས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས། མཁོ་སྤྲོད་ཕྱོགས་དང་དགོས་མཁོའི་ཕྱོགས་གཉིས་ནས་ཤུགས་བརྒྱབ་སྟེ། རྡོ་སོལ་ལས་རིགས་བརྟན་བརླིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་རྨོ་ཞིང་གི་དམར་ཐིག་བཟོ་བ་དང་ནན་སྲུང་བྱས་ཏེ། འབྲུ་རིགས་བདེ་འཇགས་ལ་འགན་ལེན་ཡག་པོ་བྱེད་དགོས། གྲངས་གཞིའི་ལག་རྩལ་གང་ལེགས་སྒོས་སྤྱད་དེ། ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་། ཉེན་ཟོན་སྔོན་བརྡ། སྦགས་བཙོག་བཅོས་སྒྲིག་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། ཡུན་ནན་གྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བར་རོགས་འདེགས་བྱས་ནས། ལྷོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།